96836
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། མེད་མཐའ་ལ་སྒྲོ་འདོགས་ཀྱི་མེད་མཐའ་དང༌། སྐུར་འདེབས་ཀྱི་མེད་མཐའ་གཉིས་ལས་སྔ་མ་བདེན་མེད་བདེན་གྲུབ་ལྟ་བུ་དང༌། དེར་འཛིན་པའི་རྟོག་པ་ལྟ་བུ་མེད་པའི་སྒྲོ་འདོགས་ཀྱི་མཐར་འཛིན་ཡིན་ཏེ། རྩ་ཤེ་ཊཱིཀ་ཆེན་ལས། དགག་བྱ་བཀག་པའི་མེད་པ་ཡང་དག་པར་ཡོད་དོ་ཞེས་འཛིན་པ་དངོས་པོ་མེད་པའི་མཐར་ལྟུང་བ་ཡིན་པས་དེ་འགོག་པ་ཡང་མེད་མཐའ་འགོག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྟོག་པ་དེས་བདེན་མེད་མེད་པར་མི་འཛིན་ཀྱང༌། དེ་མེད་པའི་མཐར་འཛིན་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་བཟུང་བས་འཛིན་པ་པོའི་གང་ཟག་དེས་བདེན་མེད་གཏན་མེད་དུ་ཁས་ལེན་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། ཞེས་དང་། ཁོ་ན་རེ། བདེན་མེད་བདེན་གྲུབ་ཏུ་འཛིན་པའི་རྟོག་པས་བདེན་མེད་མེད་པར་བཟུང་བར་ཐལ། དེ་འདྲའི་རྟོག་པ་དེ་མེད་པའི་མཐར་འཛིན་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ། འདོད་མི་ནུས་ཏེ། དེས་དེ་ཡོད་པར་བཟུང་བའི་ཕྱིར་ཏེ། བདེན་པར་ཡོད་པར་བཟུང་བའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |