From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲོག་གུ་ (1)
| Part of speech
|
མིང་ཚིག
|
| Definition
|
འགྱིག་དང་ཟངས་རག་སོགས་ཀྱིས་བཟོས་ཤིང། དབྱིབས་ཟླུམ་པོ་དང་རིལ་རིལ་སོགས་སྣ་ཚོགས་ཡོད་ཅིང། སྟོད་གོས་སོགས་ཀྱི་བསྣོལ་མཚམས་སོགས་འཛིན་བྱེད་ཀྱི་ཡོ་བྱད་ཆུང་ཆུང་ཞིག
|
| Example
|
འགྱིག་གི་སྒྲོག་གུ། ཟངས་ཀྱི་སྒྲོག་གུ་རིལ་རིལ། སྒྲོག་གུའི་ལུང་ལྟ་བུ།
|
སྒྲོག་གུ་ (2)
| Part of speech
|
མིང་ཚིག
|
| Definition
|
ལྭ་བའི་གོང་སྣེ་དང་ནང་གོས་ཀྱི་བསྣོལ་མཚམས་སྒྲོག་བྱེད་ཀྱི་ཐག་སྐུད།
|
| Example
|
གོང་སྣེའི་སྒྲོག་གུ་ལ་མདུད་པ་རྒྱོབ། ནང་གོས་ཀྱི་སྒྲོག་གུ་སྒྲོགས་ལྟ་བུ།
|