96878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོན་ (1)
Part of speech བྱ་ཚིག
Definition ཤིང་སོགས་ལ་མེ་སྤར་བའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྒྲོན།, མེར་བསྒྲོན་རྒྱུའི་བུད་ཤིང་།]
Present [སྒྲོན།, མར་མེ་སྒྲོན་བྱེད་ཀྱི་དཔལ་འབར།]
Past [བསྒྲོན།, མཆོད་མེ་བསྒྲོན་ནས་མཛད་སྒོ་བྱས།]
Imperative [སྒྲོན།, མར་མེ་སྒྲོན་ཅིག་ལྟ་བུ།]
སྒྲོན་ (2)
Part of speech བྱ་ཚིག
Definition ལྷ་དང་བླ་མ་སོགས་ལ་འབུལ་བ་ཕུལ་བའི་དོན།
Type ཞེ་ས།
Future [བསྒྲོན།, ལྷ་ལ་སྙན་དར་བསྒྲོན་ཕྱིར་སོང་།]
Present [སྒྲོན།, བླ་མ་ལ་མཇལ་དར་སྒྲོན་བཞིན་ཞུ་བ་ཕུལ།]
Past [བསྒྲོན།, ལྷ་དར་བསྒྲོན་ནས་ཕྱག་འཚལ།]
Imperative [སྒྲོན།, དགེ་རྒན་ལ་མཇལ་དར་སྒྲོན་ཅིག་ལྟ་བུ།]
སྒྲོན་ (3)
Part of speech བྱ་ཚིག
Definition རྒྱན་གྱིས་བརྒྱན་པ་དང་གོས་ཀྱིས་གཡོགས་པ་སོགས་ཀྱི་དོན།
Future [བསྒྲོན།, དབུ་ལ་བསྒྲོན་རྒྱུའི་རྨོག]
Present [སྒྲོན།, འཁྲབ་སྟོན་པའི་གར་ཆས་སྒྲོན་བཞིན་པ།]
Past [བསྒྲོན།, བག་མར་གཟི་བྱུར་བསྒྲོན་ནས་བསྐྱལ།]
Imperative [སྒྲོན།, མགུལ་རྒྱན་ནོར་བུ་སྒྲོན་དང་ལྟ་བུ།]
སྒྲོན་ (4)
Part of speech བྱ་ཚིག
Definition གོང་མ་ལ་ཡར་ཞུ་བྱས་པའི་དོན།
Future [བསྒྲོན།, སྐྱིད་སྡུག་དཔོན་གྱི་སྙན་ལ་བསྒྲོན་ན་བཟང་།]
Present [སྒྲོན།, གཏམ་རྗེ་ལ་སྒྲོན་བཞིན་པ།]
Past [བསྒྲོན།, ལྷ་ལ་སྙན་གསན་བསྒྲོན་ཟིན།]
Imperative [སྒྲོན།, གོང་དུ་གནས་ཚུལ་སྒྲོན་ཅིག་ལྟ་བུ།]
སྒྲོན་ (5)
Part of speech བྱ་ཚིག
Definition གདན་ཆ་སོགས་བསྒྲིགས་པའི་དོན་ཏེ།
Future [བསྒྲོན།, བླ་མ་ཕེབས་ལ་ཉེ་བས་བཞུགས་གདན་བསྒྲོན་རྒྱུ་གྱིས།]
Present [སྒྲོན།, བཞུགས་གདན་སྒྲོན་བྱེད་ཀྱི་རྒྱུ་ཆ།]
Past [བསྒྲོན།, གདན་ལེགས་པར་བསྒྲོན་ཟིན།]
Imperative [སྒྲོན།, བཞུགས་གདན་སྒྲོན་ཅིག་ལྟ་བུ།]