96898

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོན་མ་བསྲེལ་བར་བྱ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསང་སྔགས་ཐེག་པར་འཇུག་པའི་ཐབས་བཅུའམ་ཆོས་ཀྱི་རྣམ་གྲངས་བཅུ་རུ་གསུངས་པའི་ཡ་གྱལ་ཞིག་ཡིན། འདི་ནི་དཔེར་ན་འོད་ཀྱི་འབྱུང་གནས་རིན་ཆེན་འབར་བའི་འོད་ཉིད་འཐོར་རླུང་ཚོགས་ཀྱིས་ཀྱང་མི་གསོད་ཅིང་མུན་པ་སེལ་བ་བཞིན། མ་རིག་རྨོངས་པ་སེལ་བའི་རང་རིག་གསལ་བའི་ཡེ་ཤེས་རང་གསལ་བའི་ཚུལ་བསྟན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ནི་འདི་ལྟར་མ་རིག་པའམ་མི་ཤེས་པའི་རྨོངས་པ་སེལ་བའི་རང་རིག་པའི་ཤེས་རབ་ཆེན་པོ་ཡེ་ཤེས་རང་གསལ་བ་ཉིད་ཡིན་ཏེ། དེ་ཉེ་བར་མཚོན་པ་ནི་དཔེར་ན་ཉི་མའི་སྙིང་པོའམ་རིན་པོ་ཆེའི་སྒྲོན་མ་འོད་འབར་བ་ལ་མུན་པའི་གཞི་ངང་གིས་མེད་པ་བཞིན་དུ་གང་ཡང་དག་པའི་ཤེས་རབ་ཆེན་པོ་རིག་པ་གསལ་བའི་རང་བཞིན་དེ་ལ་ཡང་མི་ཤེས་པའི་མ་རིག་པ་ནི་གཞི་ཡང་མེད་པས་འཁྲུལ་པ་མིང་མེད་ཆེན་པོར་བསྟན་པ་ཡིན་ཏེ། ཞེས་གསུངས་སོ། །
Domain ཆོས་ལུགས།