9690

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུ་བོའི་ཆོས་ཉི་ཤུ་རྩ་གཉིས་ (1)
Part of speech མིང་ཚིག
Definition སོ་སོར་ཐར་པའི་མདོའི་གཞུང་འགྲེལ་ལས་བྱུང་བ་སྟེ། ༡ ཅི་ཚེ་དང་ལྡན་པ་དེ་ཚུལ་ཁྲིམས་དང་ལྡན་ཞིང་དང་པོ་ནས་ཕུན་སུམ་ཚོགས་པ་དང༌། ༢ ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་པ་ལ་བསྡམས་པ། ༣ བསླབ་པར་འདོད་པ་ལ་བསྡམས་པ། ༤ འདུལ་བ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་པ་འཛིན་ལ་ཐོས་པ་བསགས་པ། ༥ ལུང་ནོད་པ་ལ་མཁས་པ། ༦ རྩོད་པ་ལ་མཁས་པ། ༧ རྩོད་པ་ཀུན་ནས་སློང་བ་ལ་མཁས་པ། ༨ རྩོད་པའི་བྱེ་བྲག་ལ་མཁས་པ། ༩ རྩོད་པ་འགོག་པ་ལ་མཁས་པ། ༡༠ རྩོད་པ་འགགས་ནས་ཕྱིར་མི་འབྱུང་བ་ལ་མཁས་པ། ༡༡ བསྟན་བཅོས་ལ་མཁས་པ། ༡༢ གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པར་སྨྲ་བ། ༡༣ ཉེས་རྩོམ་བྱེད་དུ་མི་འཇུག་པ། ༡༤ ལུས་དང་ངག་གིས་མི་འཇུག་པ། ༡༥ སྨྲ་བར་བྱེད་ཅིང་སྨྲས་པ་བརྡ་ཕྲད་པར་བྱེད་པ། ༡༦ གོ་བར་བྱེད་ཅིང་གོ་བས་བརྡ་སྤྲོད་པར་བྱེད་པ། ༡༧ རྣམ་པར་རིག་པར་བྱེད་ཅིང་རྣམ་པར་རིག་པས་བརྡ་ཕྲད་པར་བྱེད་པ། ༡༨ ངེས་པར་རྟོགས་པར་བྱེད་ཅིང་ངེས་པར་རྟོགས་པས་བརྡ་ཕྲད་པར་བྱེད་པ། ༡༩ འདུན་པས་འགྲོ་བ་མ་ཡིན་པ། ༢༠ ཞེ་སྡང་གིས་འགྲོ་བ་མ་ཡིན་པ། ༢༡ གཏི་མུག་གིས་འགྲོ་བ་མ་ཡིན་པ། ༢༢ འཇིགས་པས་འགྲོ་བ་མ་ཡིན་པ་བཅས་སོ། །
Domain ཆོས་ལུགས།