96902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོན་མེ་འོད་ཟེར་གྱི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། སྤྱོད་རྒྱུད། བོན། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་སྒོ་དབྱེ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་ནི་བཅའ་ལུགས་ནི། མདོ་གཟེར་མིག་ལས། གོང་མོ་གཉིས་མདུན་གྱི་རྩེ་མོ་སྤྲད་ནས་གནམ་དུ་བསྟན། ཕྱི་མ་རྣམས་ཐུར་དུ་ས་ལ་ཕྲལ་ལེ་བསྟན་ནོ། །ཞེས་སོ། །མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་འགྲེལ་བ་ནམ་མཁའི་ནོར་བུ་ལས། སྒྲོན་མ་འོད་ཟེར་ནི་མིང་ལ་གུང་མོ་སྒྲོན་མེའི་སྙིང་པོ་ཐར་ལམ་འབྱེད་ཚུལ། ཕྱི་མ་རྣམས་ཐུར་ལ་ཕྲལ་ལེ་བསྟན་པ་ནི། འོད་ཟེར་གྱིས་སྤང་བྱའི་མུན་པ་སེལ་བའོ། །ཞེས་སོ། །
Domain ཆོས་ལུགས།