96931

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོལ་བའི་སྤྱོད་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྒྲོལ་བའི་སྤྱོད་པ་ནི། རྒྱུད་ནས་གསུངས་པ་ལྟར་གསང་སྔགས་ཀྱི་ལྟ་བ་ཟབ་མོ་མངོན་དུ་གྱུར་ཅིང་བསྐྱེད་རྫོགས་ཀྱི་གདེངས་དང་ལྡན་པའི་རྟོགས་པ་མཆོག་ལྡན་གྱི་རྣལ་འབྱོར་པས་ཞིང་བཅུ་ཚང་བའི་དགྲ་བོ་སྒྲོལ་བ་སྟེ། འོད་གསལ་སྙིང་པོ་ལས། དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་ཤིང་ལས་ངན་མཐར་ཐུག་པ་བསགས་པའི་འགྲོ་བ་གང་ཞིག གཉེན་པོ་གཞན་གྱིས་སྤངས་པས་སྐྱབས་མེད་པར་ངན་སོང་དུ་བརྒྱུད་མར་འགྲོ་བ་རྣམས་ལ་མཚུངས་པ་མེད་པའི་སྙིང་རྗེའི་རྒྱུ་ལས། སྔགས་ཀྱི་ཐབས་ཟབ་མོས་ལས་ངན་གྱི་སྲོག་རྒྱུན་བཅད་ནས་བདེ་བླག་ཏུ་གྲོལ་བར་བྱེད་པ་ཡིན་ཏེ། མཉམ་ཉིད་ཀྱི་ལྟ་བ་གདིང་དུ་གྱུར་ཅིང་རིམ་གཉིས་ཀྱི་སྒོམ་པ་རྩལ་རྫོགས་པའི་རྣལ་འབྱོར་པས། བསྒྲལ་བྱའི་སྲོག་འཕྲོག་ཅིང་འབྲས་བུ་འཚེངས་པ་གསུམ་ལྡན་དུ་ནུས་པའི་སྤྱོད་པས་རང་གཞན་གྱི་དོན་ཆེན་པོ་སྒྲུབ་པ་ནི་སྔགས་ཀྱི་སྤྱོད་པ་གཞན་ལས་ངོ་མཚར་རྨད་དུ་བྱུང་བ་ཡིན། ཞེས་གསུངས།
Domain ཆོས་ལུགས།