96950
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། བྱ་རྒྱུད། འཕགས་མ་སྒྲོལ་མ་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་ཅེས་བྱ་བར་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བར་འཁྲུངས་ཏེ། དེ་བཞིན་གཤེགས་པ་རྔ་སྒྲའི་མདུན་ནས་སེམས་བསྐྱེད་དེ་བུད་མེད་ཀྱི་རྟེན་ལ་བྱང་ཆུབ་སྒྲུབ་པའི་དམ་བཅས། སེམས་ཅན་རྣམས་བཟོད་པ་ལ་མ་བཀོད་བར་དུ་འཚང་མི་རྒྱ་བར་གསུངས་ཏེ་འཁོར་བ་ལས་སྒྲོལ་བས་ན་སྒྲོལ་མར་གྲགས། ཡོངས་གྲགས་སུ་འཇིགས་ཆེན་བརྒྱད་ལས་བསྐྱབས་པའི་ལོ་རྒྱུས་ལྟར་ཅན། ཤིང་འཐུན་ཞིག་སེངྒེའི་ཁར་ཆུད་ཚེ་འདི་ལ་སྐྱབས་སུ་སོང་བས་བུ་མར་ཤིང་ལོ་གྱོན་པ་ཞིག་ཏུ་སྤྲུལ་ཏེ་བསྐྱབས་པ་དང༌། དེ་བཞིན་ཕྲེང་རྒྱུད་མ་ཞིག་གླང་སྨྱོན་ལས་དང༌། ཁྱིམ་མེ་འབར་བ་ཆར་གྱིས་དང༌། སྨད་འཚོང་ཞིག་དུག་སྦྲུལ་གྱིས་ཟིན་པ་ལས་དང༌། ཚོང་དཔོན་ཞིག་ཆོམ་རྐུན་གྱིས་ཉེན་པ་ལས་དང༌། ཆོམ་རྐུན་ཞིག་བཙོན་ལ་ལས་དང༌། ཚོང་བ་མང་པོ་རྒྱ་མཚོ་ལ་ནུབ་པ་ལས་དང༌། དགེ་ཚུལ་ཞིག་ཤ་ཟས་ཟིན་པ་ལྷ་མོ་ནག་མོ་ཞིག་གིས་བསྐྱབས་པ་མཛད་པ་ཆེན་པོ་བརྒྱད་ལ་ལྟོས་ནས་བཏགས་པའི་མཚན་གྱི་ཆེ་བ་ཞིག |
| Domain | ཆོས་ལུགས། |