96962
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། སྒྲོལ་མའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅུ་བདུན་པ་ཡིན། བརྗོད་བྱ། འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲོལ་མ་སོ་སོའི་བསྐྱེད་བཟླས་དམིགས་རྣམ་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། རྗེ་བཙུན་སྒྲོལ་མ་དཔལ་ལྡན་ཨ་ཏི་ཤ ། དབང་ཕྱུག་རྒྱལ་མཚན་སྣེ་ཟུར་ཡེ་ཤེས་འབར། །རྡོ་རྗེ་སེང་གེ་ཞང་སྟོན་སེང་གེ་སྐྱབས། །མཆིམས་ཆེན་སྐྱོ་སྟོན་ཟེའུ་རྣམ་པ་གཉིས། །མཆིམས་སྟོན་གྲོ་སྟོན་སྤང་སྟོན་གྲགས་སྟོན་པ། །ཡོན་ཏན་དཔལ་པ་ཀུན་དགའ་མཆོག་གྲུབ་ཞབས། །ཞེས་སོགས་དང ། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་ཀྱི་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |