97000
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུའི་རྒྱན་གྱི་ནང་གསེས་བདུན་པ་སྟེ། བྱ་བའི་དངོས་པོ་སྔོན་དུ་མ་སོང་བ་སྟེ། དངོས་པོ་མེད་པའི་རྒྱུ་དེ་ལས། འབྲས་བུའི་དངོས་པོ་གཞན་ཞིག་སྐྱེད་པའི་ཚིག་གི་བརྗོད་ཚུལ་ཡིད་འཕྲོག་པའི་ཉམས་དང་ལྡན་པ་ལྟ་བུ་ལ་ཟེར། |
| Example | ཞྭ་དམར་པས། མཁས་མང་མདུན་སར་ཡུན་རིང་མ་འགྲིམས་ཤིང་། །ཐ་སྙད་རིག་པའི་གནས་ལ་གོམས་མ་བྱས། ། ཕྱི་མར་ཕན་པའི་དོན་ཀྱང་མ་གྲུབ་པས། །འགྱོད་པ་ལྷག་པར་འཕེལ་ཡང་ཐབས་ཀྱིས་དབུལ། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |