97024

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་གངས་ཅན་ལྗོངས་ཀྱི་བསྟན་པ་ཡོངས་ཀྱི་ཕྱི་མོ་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པ་བླ་ན་མེད་པ་དེ་ཉིད་སྐྱེ་འགྲོ་མང་པོའི་ཕན་བདེའི་ཆེད་དུ་འཇིག་རྟེན་འདིར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་སྨོན་ཚིིག་ཏུ་བརྗོད་པ་ཞིག་སྟེ། དེ་ཡང་ཇི་ལྟར་སྨོན་ཚུལ་གྱི་རིམ་པ་ནི། ཐོག་མར་མཆོད་པར་བརྗོད་པ། བསྟན་པ་རྙེད་དཀའི་ཚུལ་ལ་བསམ་པ། བསྟན་པ་མི་ནུབ་པར་རྩ་གསུམ་ལྷ་ཚོགས་ར་མདར་སྦྲན་པ། རྡོ་རྗེ་ཆོས་སྲུང་རྣམས་ལ་དམིགས་ཀྱིས་འཕྲིན་ལས་བསྐུལ་བ། སྔ་འགྱུར་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན་པ། ལོ་པཎ་མཁས་གྲུབ་རྣམས་ཀྱི་མཛད་པ་ལ་བསམས་པ། རྒྱ་ཆོས་མ་ལུས་བོད་སྐད་དུ་བསྒྱུར་བ་ལ་ཡི་རངས་བ། བཀའ་དང་དགོངས་འགྲེལ་མོད་མི་དམའ་བའི་ཚུལ་ལ་བསམས་པ། བརྗོད་བྱ་རྣམ་དག་གི་ཚུལ་ལས་བརྩམས་ཏེ་སྨོན་པ། ལྟ་སྤྱོད་ཕྱིན་ཅི་མ་ལོག་པའི་ཚུལ་ལ་བསམས་པ། རིང་བརྒྱུད་ཆུ་བོ་མ་ཉམས་པ་ལ་ཡིད་འཚེངས་པ། སྒྲུབ་སྡེ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་ལ་སྨོན་པ། ཟབ་མོ་གཏེར་གྱི་ཆོས་ཚུལ་ལ་བསམས་པ། བཀའ་གཏེར་བླ་མ་རྣམས་ཀྱི་ཡོན་ཏན་ལ་བསམས་པ། བཀའ་གཏེར་ཆུ་བོ་ཡོངས་རྫོངས་ཀྱི་ཚུལ་ལ་སྨོན་པ། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ལས་བརྩམས་ཏེ་སྨོན་པ། མན་ངག་ཨ་ཏི་ཡོ་གའི་ཟུང་འཇུག་ལམ་གྱི་རིམ་པ་ལ་བསམས་པ། མཐར་ཐུག་གྲུབ་མཐའི་སྐྱེལ་སོ་ལ་རྒྱུ་མཚན་ཤེས་པས་སྨོན་པ། མཁས་པའི་བགྱི་བ་གསུམ་གྱིས་རྒྱལ་བསྟན་འཛིན་པར་སྨོན་པ། རྩོམ་པ་པོ་རང་གི་འདོད་པའི་ལྷ་དང་འབྲེལ་བས་སྨོན་པ། ཕ་རོལ་རྒོལ་བ་བཅོམ་པའི་སྒོ་ནས་བསྟན་པ་རྒྱས་པར་སྨོན་པ། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་ལ་སྨོན་པས་རྒྱས་བཏབ་པ། ཚེ་རབས་ཀུན་ཏུ་རྒྱལ་བསྟན་འཛིན་པར་ཤོག་ཅིག་ཅེས་སྨོན་པ་བཅས་སོ། །

{{#arraymap:སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་

|; |@@@ | | }}