97041
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྒྲུབ་བྱ་སྒྲ་མི་རྟག་པ་ལྟ་བུ་སྒྲུབ་པར་བྱེད་པ་ལ་དེའི་སྒྲུབ་བྱེད་དུ་རྟགས་བྱས་པ་ལྟ་བུ་བཀོད་ནས་སྒྲུབ་པར་ཁས་ལེན་པའི་རྒོལ་བ་ཞིག་ལ་སྔ་རྒོལ་ཞེས་བྱ་ལ། དེ་ལ་སྔ་རྒོལ་ཡང་དག་དང་། སྔ་རྒོལ་ལྟར་སྣང་གཉིས་ལས། སྔ་རྒོལ་རང་ཉིད་ཀྱི་སྒྲུབ་བྱེད་འགོད་པར་ཁས་བླངས་པའི་དོན་གང་ཡིན་པ་དེ་དང་དེ་ལ་ཕྱི་རྒོལ་གཞན་གྱིས་སུན་འབྱིན་མི་ནུས་པའི་གང་ཟག་ཅིག་ལ་སྔ་རྒོལ་ཡང་དག་དང། སྔ་རྒོལ་རང་ཉིད་ཀྱི་སྒྲུབ་བྱེད་འགོད་པར་ཁས་བླངས་པའི་དོན་གང་ཡིན་པ་དེ་དང་དེ་ལ་ཕྱི་རྒོལ་གཞན་གྱིས་སུན་འབྱིན་ནུས་པའི་གང་ཟག་ཅིག་ལ་སྔ་རྒོལ་ལྟར་སྣང་ཞེས་བྱ་སྟེ། དགའ་བྱང་ཡིག་ཆ་ཡོངས་འཛིན་བསྡུས་གྲྭ་ལས། སྔ་རྒོལ་གྱི་མཚན་ཉིད་ཡོད་དེ། རྒོལ་བ་གང་ཞིག སྒྲུབ་བྱེད་འགོད་པར་ཁས་ལེན་གང་ཟག་དེ་དེ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་སྔ་རྒོལ་ཡང་དག་དང་། སྔ་རྒོལ་ལྟར་སྣང་གཉིས་ཡོད་པའི་ཕྱིར། དང་པོའི་མཚན་ཉིད་ཡོད་དེ། སྔ་རྒོལ་གང་ཞིག རང་གི་སྒྲུབ་བྱེད་འགོད་པར་ཁས་བླངས་པའི་དོན་དེ་གཞན་གྱིས་སུན་འབྱིན་མི་ནུས་པ་དེ་དེ་ཡིན་པའི་ཕྱིར། གཉིས་པའི་མཚན་ཉིད་ཡོད་དེ། སྔ་རྒོལ་གང་ཞིག རང་གི་སྒྲུབ་བྱེད་འགོད་པར་ཁས་བླངས་པའི་དོན་དེ་གཞན་གྱིས་སུན་འབྱིན་ནུས་པ་དེ་དེ་ཡིན་པའི་ཕྱིར། ཞེས་གསུངས་དང་། ཚད་མ་རིགས་རྒྱན་ལས་ཀྱང་འདི་ལྟར་གསུངས། |
| Domain | ཚད་མ། |