97062

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔགས་ (1)
Part of speech མིང་ཚིག
Definition སྔགས། གསང་སྔགས་སྟེ་གསང་ཞིང་སྦས་པའི་སྒོ་ནས་བསྒྲུབས་ན་འགྲུབ་ཐུབ་པ་ཞིག་ཡིན། སྔགས་ཞེས་པའི་རྒྱ་གར་གྱི་སྐད་ལ་མནྟྲ་ཡ་ཞེས་ཟེར་ཞིང་། མ་ནཱ་ནི་ཡིད། ཏྲ་ཡ་ནི་སྐྱོབ་པ་སྟེ། ཡིད་སྐྱོབ་པའི་དོན་ཡིན། དེ་ཡང་རང་གི་ཡིད་ཐ་མལ་རང་ག་བའི་སྣང་བ་དང་ཞེན་པ་ལས་བདེ་མྱུར་དུ་སྐྱོབ་པར་བྱེད་ཐུབ་པའི་དོན།
Domain ཆོས་ལུགས།

{{#arraymap:སྔགས་

|; |@@@ | | }}

སྔགས་ (2)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག རྒྱུད་ཀྱི་དངོས་པོ་བཅུ་གཅིག་གི་ཡ་གྱལ་ཏེ། ཕྱོགས་བཅུའི་མུན་སེལ་ལས། དེའང་མནྟྲའི་སྒྲ་ལས་སྔགས་ཏེ། གསང་སྔགས། རིག་སྔགས། གཟུངས་སྔགས་གསུམ་གྱི་རང་བཞིན་འཆང་བའོ། །དང་པོ་ནི། ཕྱི་ནང་གི་ལྟ་སྒོམ་སྤྱོད་འབྲས་གསང་བ་རྨད་དུ་བྱུང་བས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའོ། །གཉིས་པ་ནི། དྲང་སྲོང་ལ་སོགས་པ་ཏིང་ངེ་འཛིན་ལ་དབང་ཐོབ་པའི་རིག་པའི་མཐུས་སྡུག་བསྔལ་ལས་སྐྱོབ་པའོ། །གསུམ་པ་ནི། བདེན་ཚིག་བགོས་པའི་ཚིག་འབྲས་བུ་ཕན་གནོད་བྱེད་པའོ། །ཞེས་དང་། འོད་གསལ་སྙིང་པོ་ལས། དེ་ཡང་མནྟྲའི་སྒྲ་ལས་ཤེས་སྐྱོབ་དང་ཡིད་སྐྱོབ་ཀྱི་དོན་ལ་སྔགས་ཞེས་བཏགས་ཏེ། ཤེས་པ་དང་ཤེས་རབ་དང་སྐྱོབ་བྱེད་ཐབས་ཟུང་དུ་འབྲེལ་བའམ། ཡང་ན་འདིས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པ་སྟེ་མདོར་ན་ཐབས་ཁྱད་པར་ཅན་ཞིག་ལ་སྔགས་ཞེས་བྱ་ཞིང་། དེ་ཡང་སྐབས་འདིར་བཤད་བྱ་སྔགས་ཀྱི་ངོ་བོ་ནི། རྒྱུ་ཐབས་དང་ཤེས་རབ་ཀྱི་ཡི་གེ་ལས་བཟླ་བར་བྱ་བའི་སྔགས་ཀྱི་ངོ་བོར་གྱུར་པ་གང་ཞིག གྲུབ་པ་བཞི་དང་ལྡན་པས་དངོས་གྲུབ་སྒྲུབ་པ་ལ་ནུས་པ་ཐོགས་པ་མེད་པར་གྱུར་པའོ། །ཞེས་དང་། བྱེ་བྲག་ཏུ་སྔགས་ཞེས་པ་འཇུག་པའི་ཡུལ་སྣ་ཚོགས་སུ་ཡོད་དེ། སྤྲོས་པ་མེད་པའི་དོན་ལ་ཡང་སྔགས་ཞེས་བྱ་སྟེ། རྣམ་སྣང་མངོན་བྱང་ལས། སྤྲོས་པ་མེད་པའི་དོན་གསང་སྔགས་ཀྱི་དངོས་པོ་དེ་ཉིད་ཅེས་གསུངས་པ་ལྟ་བུའོ། །གཉིས་སུ་མེད་པའི་ཡེ་ཤེས་ལ་ཡང་སྔགས་ཞེས་གསུངས་ཏེ། སྔ་མ་ལས། གཉིས་མེད་ཡེ་ཤེས་འདི་ཉིད་ནི། །ཐུབ་པས་སྔགས་ཞེས་གསུངས་པ་ཡིན། །ཞེས་དང་། དོན་དེ་ལྟ་བུའི་རྟགས་སུ་གྱུར་པ་ལྷ་རྣམས་ཀྱི་སྐུ་ལའང་སྔགས་ཞེས་བཤད་དེ། དེ་ཉིད་ལས། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །རྨད་དུ་བྱུང་བའི་གཏོར་མ་འབུལ། །ཞེས་སོགས་གསུངས་པ་བཞིན་ནོ། །གཞན་ཡང་གཞུང་གི་ཚོགས་དང་སྦྱིན་སྲེག་ལ་སོགས་པའི་ཐབས་ཀྱི་ཆོ་ག་རྣམས་ལའང་སྔགས་ཞེས་བྱ་སྟེ། དེ་ལྟར་དོན་མང་པོ་ལ་སྔགས་ཀྱི་མིང་གིས་བསྟན་ཏོ། །ཞེས་གསུངས་ལ། མནྟྲའི་སྐབས་ནའང་གསལ། །

{{#arraymap:སྔགས་

|; |@@@ | | }}

སྔགས་ (3)
Part of speech མིང་ཚིག
Definition སྔགས་ཞེས་པ་ཡི་དམ་སྲུང་མ་སོགས་ཀྱི་རྩ་བསྙེན་ལ་འཇུག

{{#arraymap:སྔགས་

|; |@@@ | | }}

སྔགས་ (4)
Part of speech མིང་ཚིག
Definition ཡང་སྐབས་རེར་བྱེད་ལས་ལ་འཇུག་པ་ནི། རྨ་གཉན་གྱི་སྐྲང་འབུར་ཞི་ཐབས་དང་། གཞན་ཡང་སྲུང་མདུད་སོགས་ལ་མཐུ་ནུས་བྱིན་རླབས་སྤྲད་པའམ་འཇུག་པའི་ཆེད་དུ་ཡི་དམ་སོགས་ཀྱི་སྙིང་པོ་བགྲང་སྟེ་སྒྲུབ་གཤེན་གྱིས་ཞལ་ཕུ་བཏབ་པ་ལ་སྔགས་བརྒྱབ་པའམ་སྔགས་ཞེས་བརྗོད་དོ། །

{{#arraymap:སྔགས་

|; |@@@ | | }}

སྔགས་ (5)
Part of speech མིང་ཚིག
Definition རྫོགས་ཆེན་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་ལས་མཁའ་འགྲོ་རིན་ཆེན་ཕྲེང་བའི་བམ་པོ་ལས། ཡི་དམ་ལྷ་དང་འབྲེལ་བྱའི་ཕྱིར། །སྔགས་ཀྱི་དོན་ཉིད་ཅུང་ཟད་བསྟན། །ངོ་བོ་ངེས་ཚིག་དབྱེ་བ་གསུམ། །ངོ་བོ་ཤེས་སྐྱོབ་ལས་རྣམས་འགྲུབ། །ཤེས་རབ་སྙིང་རྗེ་རྟུལ་ཤུགས་ཀྱིས། །བོན་ཉིད་རང་བཞིན་ཤེས་འགྲོ་སྐྱོབ། །ཞེས་པ་ལྟར། སྟོན་པ་སངས་རྒྱས་ཀྱིས་གདུལ་བྱའི་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ཏེ། འདུལ་བྱེད་ཀྱི་བོན་སྒོའང་དེ་འཚམས་སུ་གསུངས་པའི་གཞུང་ལུགས་གསུམ་སྟེ། མདོ་སྔགས་སེམས་གསུམ་ཞེས་གྲགས་པའི་ནང་གསེས་གདུལ་བྱ་བློ་དབང་པོ་འབྲིང་རྣམས་འདུལ་ཐབས་སུ་གསུངས་པའི་གཞུང་ལུགས་ཏེ། གཙོ་བོར་བསྟན་བྱ་ནི་མ་དག་ཐ་མལ་གྱི་སྣང་བ་ལས་སྐྱོབ་སྟེ་དེ་རྣམས་དག་པའི་སྣང་བ་ཡི་དམ་ལྷའི་སྐུ་དང་ཡེ་ཤེས་སོགས་སུ་དམིགས་པའམ་བསྐྱེད་ཅིང་འབྲས་བུ་སངས་རྒྱས་ཀྱི་སར་བགྲོད་ནུས་པར་སྟོན་པའོ། །ངེས་ཚིག་ནི། དེ་ཉིད་ལས། འགྲོ་བའི་དོན་ལ་བསྔགས་པས་སྔགས། །བྱང་ཆུབ་མྱུར་བར་བསྔགས་པས་སྔགས། །ཕྲིན་ལས་འགྲུབ་པར་བསྔགས་པས་སྔགས། །ཞེས་སོ། ། རྩ་བའི་དབྱེ་བ་ལ། རིག་སྔགས་དང་། གསང་སྔགས། གཟུངས་སྔགས་དང་གསུམ་སྟེ། དེ་ཉིད་ལས། སྔགས་ལ་དབྱེ་ན་གསུམ་ཡིན་ཏེ། །རིག་སྔགས་གསང་སྔགས་གཟུངས་སྔགས་གསུམ། །དོན་རྟགས་མཚོན་གསུམ་ཤེས་པར་བྱ། །ཞེས་དང་། མཛད་མདོ་དྲི་མེད་ལས་ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། སྔགས་ལ་རྣམ་པ་གསུམ་ཡིན་ཏེ། གསང་སྔགས་རིགས་སྔགས་གཟུངས་སྔགས་གསུམ། །ཕྱི་ནང་གསང་བ་གསུམ་དུ་ཤེས། །ཞེས་སོ། །ཡན་ལག་གི་དབྱེ་བ་ལ་ཡང་། མདོ་དེ་ཉིད་ལས། དེ་ལས་ཡན་ལག་རྣམ་པ་དྲུག ། དྲག་པོའི་སྔགས་དང་ཟློག་པའི་སྔགས། །ཐིས་ཀྱི་སྔགས་དང་སྤུར་བའི་སྔགས། །དམོད་པའི་སྦོད་སྔགས་བརྣག་པའི་སྔགས། །རྩ་བ་གསུམ་ལ་ཡན་ལག་དྲུག ། སྡོང་པོ་དགུ་འདུས་ལྟར་དུ་ཤེས། །ཞེས་གསུངས་པ་ལྟར་རོ། །

{{#arraymap:སྔགས་

|; |@@@ | | }}

སྔགས་ (6)
Part of speech མིང་ཚིག
Definition རྡོ་རྗེ་ཐེག་པའི་སྒྲུབ་ཐབས་ནང་སྒྲུབ་པ་པོ་རང་གི་ཡིད་ཀྱི་སྣང་བ་ཕལ་པ་ལས་སྐྱོབ་པར་བྱེད་པ་དང༌། ཡི་དམ་འཁོར་བཅས་རྣམས་སྐུལ་བར་བྱེད་པའི་ཡི་གེའི་གཟུངས་ཏེ།
Example གསང་སྔགས། རིགས་སྔགས། དྲག་སྔགས། ངན་སྔགས། ཐུན་གསོས་སྔགས་བགྲངས། སྔགས་རྒྱག་པ་ལྟ་བུ།

{{#arraymap:སྔགས་

|; |@@@ | | }}