From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྔགས་ཀྱི་གཟུངས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ས་སྐྱ། གསང་སྔགས་ཀྱི་གཟུངས་ནི་གཞན་ལ་ཕན་པའི་དོན་དུ་སྔགས་རྣམས་ཀྱི་རང་རང་གི་འབྲས་བུ་འགྲུབ་པ་ལ་བྱིན་གྱིས་རློབ་པའི་ནུས་པ་ཐོབ་པའི་ཡེ་ཤེས་སོ། །ཚིག་ལ་སྔགས་ཞེས་བརྗོད་པ་ནི་རྒྱུ་མིང་འབྲས་བུ་ལ་བཏགས་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་དང། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཞན་ལ་ཕན་པའི་དོན་དུ་སྔགས་རྣམས་ཀྱིས་རང་གི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབ་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །ས་མཚམས་ནི། སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་པའི་གཟུངས་བཞི་ཆར་ཡང་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད། བརྟན་པ་དང་། རྒྱ་ཆེ་བའི་གཟུངས་བཞི་ཆར་ས་དང་པོ་ནས་ཡོད་པར་གསལ་ལོ། །ཞེས་སྦས་དོན་རབ་གསལ་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
སྔགས་ཀྱི་གཟུངས་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། གཟུངས་ཀྱི་སྒོ་བཞིའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། སྔགས་ཀྱི་གཟུངས་གང་ཞེ་ན། ཡི་གེའི་སྒོ་ནས་གསང་སྔགས་ཀྱི་ཚིག་བཙན་པར་རེད་དེ་ངོ་བོ་དང་ནུས་མཐུ་མི་འགྱུར་བའི་སྟོབས་ཅན་དུ་གྱུར་པ་གང་ཡིན་པའོ། །ཞེས་གསུངས་སོ། །
|