97067
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། སྔགས་ཀྱི་ཐེག་པ་ནི། མནྟྲཡ་ན་འམ་གསང་སྔགས་རྡོ་རྗེའི་ཐེག་པ་སྟེ། ཡོན་ཏན་མཛོད་ལས། བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པ་ལ། །འབྲས་བུ་འམ་ནི་རྡོ་རྗེའི་ཐེག་པ་དང་། །ཐབས་ཀྱི་ཐེག་པ་རིག་པ་འཛིན་པ་ཡི། །སྡེ་སྣོད་ཅེས་གྲགས་རྒྱུ་ལས་ཁྱད་པར་འཕགས། །ཞེས་དང་། ཡོན་ཏན་མཛོད་ཀྱི་དཀའ་འགྲེལ་ཉིན་བྱེད་སྣང་བ་ལས། མ་ན་ཡིད་དང་། ཏྲ་ཡ་སྐྱོབ་པའི་སྒྲས་བསྡུས་པས་མནྟྲ་ཞེས་བྱ་སྟེ། ཡིད་ཤེས་བདེ་མྱུར་གྱིས་སྐྱོབ་པས་ན་གསང་སྔགས་སོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |