97085
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། གསང་སྔགས་ནང་རྒྱུད་ཀྱི་སྤྱོད་པའི་རང་བཞིན་ལྔ་སྟེ། འཁོར་བའི་དངོས་པོ་བཞི་སོགས་བཟང་ངན་སྤོང་ལེན་མེད་ཕྱིར་མཉམ་པ་ཉིད་དང། ཡེ་ནས་མ་བཅོས་པ་དེ་བཞིན་ཉིད་ཡིན་པའི་ལྟ་བའི་དོན་བརྗོད་པའི་ཕྱིར་དེ་བཞིན་ཉིད་དང། བདག་གཞན་གྱིས་དོན་དུ་གཉེར་བའི་མཆོག་ཐུན་གྱི་བསྒྲུབ་པའི་བྱེ་བྲག་དང། སྤྱད་བྱ་དེ་དག་འགྲོ་དོན་དུ་སྤྱད་པར་བྱ་བ་ལས་མི་འདའ་བའི་དམ་ཚིག་མི་འགྱུར་བར་བྱིན་རླབས་ཀྱི་སྤྱོད་པ་དང། དབང་བསྒྱུར་བ་དང་ཐབས་ཀྱི་སྤྱོད་པ་ལ་སོགས་པའི་སྤྱོད་པ་རྣམས་དང༌ལོག་སྲེད་ཅན་ལ་སོགས་པ་དང་ཐེག་པ་རྣམས་ཀྱི་སྤྱོད་པ་ཡོད་དོ་ཅོག་དང་མཐུན་པས་སྤྱོད་པ་མཐུན་པ་བཅས་ལྔའོ། །འདིར་མདོ་འགྲེལ་མུན་པའི་གོ་ཆ་དང་གཟི་ལྡན་འཆར་ཁའི་འོད་སྣང་ལས་བྱུང་བ་ལྟར་བཀོད་པ་ཡིན། མདོ་དགོངས་པ་འདུས་པར་འདི་དག་སྦྱོར་བའི་ཡན་ལག་རྟོགས་འཇུག་དྲུག་ཅུ་རྩ་གཅིག་སྐབས་གཞན་དོན་དུ་སྦྱོར་བ་ཉེར་བརྒྱད་ཀྱི་ཁོངས་སུ་འདྲེན། འདི་དག་ལ་རང་བཞིན་ལྔ་ཞེས་ཀྱང་བརྗོད་དོ། ། |
| Domain | ཆོས་ལུགས། |