9710

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition བོད་ཀྱི་ཟློས་གར་གྱི་བསྟན་བཅོས་ཁག་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། ཟློས་གར་དེའི་ནང་དོན་གཙོ་བོ་ནི། དྲང་སྲོང་ཞིག་གི་བུ་མོ་གཟུགས་ཀྱི་ཉི་མ་ཟེར་བ་དེ་རྒྱལ་པོས་བཙན་ཤེད་བྱས་ནས་བཙུན་མོར་ཁྲིད་སྐབས་ཕ་རྒན་གྱི་བསླབ་བྱ་བརྗེད་ཅིང་། མི་ངན་དང་འགྲོགས་ཏེ་དོགས་ཟོན་མ་བྱས་པས་མགོ་སྐོར་རྐྱེན་རྒྱལ་པོས་རྒྱང་འབུད་བཏང་བ་དང་། ཕྱིས་སུ་མགོ་སྐོར་གཏོང་མཁན་གྱི་མི་ངན་དེ་རྣམས་འགྱོད་སེམས་སྐྱེས་ཏེ་སྔར་བྱས་གཡོ་སྒྱུའི་སྡིག་པ་མཐོལ་བཤགས་ཀྱིས་བུ་མོ་ལ་བཟོད་གསོལ་ཞུས་པ་ལྟར་ཡང་བསྐྱར་ཕོ་བྲང་དུ་ལོག་པའི་སྐོར་གྱི་སྒྲུང་ཞིག་ཡིན།