97103
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། ས་སྐྱ། ལྗོན་ཤིང་མཛེས་རྒྱན་ལས། གནས་སྐབས་འབྲས་བུ་སློབ་ལམ་ས་བཅུ་གཉིས། ཞེས་གསུངས་པ་ལྟར། གནས་སྐབས་ཀྱི་འབྲས་བུ་བླ་མེད་ཀྱི་སློབ་པའི་ས་ལ། ས་དང་པོ་གནས་ཀྱི་ས། ས་གཉིས་པ་ཉེ་གནས་ཀྱི་ས། གསུམ་པ་ཞིང་གི་ས། བཞི་པ་ཉེ་བའི་ཞིང་གི་ས། ལྔ་པ་ཙྪནྡོའི་ས། དྲུག་པ་ཉེ་བའི་ཙྪནྡོའི་ས། བདུན་པ་འདུ་བའི་ས། བརྒྱད་པ་ཉེ་བའི་འདུ་བའི་ས། དགུ་པ་དུར་ཁྲོད་ཀྱི་ས། བཅུ་པ་ཉེ་བའི་དུར་ཁྲོད་ཀྱི་ས། བཅུ་གཅིག་པ་འཐུང་གཅོད་ཀྱི་ས། བཅུ་གཉིས་པ་ཉེ་བའི་འཐུང་གཅོད་ཀྱི་ས་རྣམས་སུ་ཡོད་པ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་སྤྱི་དོན་ཀུན་གསལ་ནོར་བུའི་ཕྲེང་བ་ལས་སོ། ། |
| Domain | ཆོས་ལུགས། |