97139
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་མེ་མོ་ཕག་ཕྱི་ལོ་༡༨༨༧ ལོའི་བོད་ཟླ་དང་པོའི་ཚེས་གཉིས་ལ་མཛད། གོས་དཀར་ལྕང་ལོའི་སྡེ་རྣམས་ལ་ཤིན་ཏུ་གཅེས་པའི་སྙིང་གཏམ་དུ་གདམས་པའི་བསླབ་བྱ་ཞིག་སྟེ། སྔགས་བཙུན་རྒན་དར་གཞོན་གསུམ་སུ་ཞིག་ཡིན་ཡང་སྙིགས་ལྔའི་ཁུར་གྱིས་མནར་བའི་དུས་སུ་སྔར་ལས་བརྩོན་པ་བསྐྱེད་དགོས་ཚུལ་དང་། དུས་ཀྱི་མཐར་ཡང་གསང་སྔགས་ཀྱི་དངོས་གྲུབ་ནམ་ཡང་ཡོད་པས། རང་གི་ལྷག་པའི་ལྷ་དང་བླ་མ་སོགས་ལ་དད་པ་དང་དམ་ཚིག་བརྟན་པོ་བྱས་ཏེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཕ་ཕོག་འཛིན་པའི་སྙིང་སྟོབས་དང་དམ་བཅའ་གློད་མི་རུང་བའི་ཚུལ་སོགས་ཡོད་དོ། ། |