97160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔགས་ལམ་གྱི་འབྲས་བུ་གྲུབ་པའི་དུས་ (1)
Part of speech མིང་ཚིག
Definition སྔགས། སྔགས་ཀྱིས་བཏབ་པའི་ས་བོན་ནི། །ཉི་མ་གཅིག་ལ་ལོ་ཏོག་སྨིན། །རྡོ་རྗེ་ཐེག་པའི་ཐབས་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །སྡོམ་པ་གསུམ་དང་ལྡན་པ་ཡི། །རིམ་གཉིས་ཟབ་མོའི་གནད་ཤེས་ན། །དེ་ནི་ཚེ་འདིའམ་བར་དོ་འམ། །སྐྱེ་བ་བཅུ་དྲུག་ཚུད་ཆད་ན། །འགྲུབ་པར་རྫོགས་པའི་སངས་རྒྱས་གསུངས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། རིག་འཛིན་གྱི་སྡོམ་པའི་རྟེན་དུ་རྒྱལ་སྲས་ཀྱི་སྡོམ་པ་དགོས་ལ། དེའི་རྟེན་དུ་སོ་སོར་ཐར་པའི་སྡོམ་པ་ཡོད་ན་དེ་ལྟ་བུའི་སྡོམ་པ་གསུམ་ལྡན་གྱི་གང་ཟག་དེས། རྡོ་རྗེ་ཐེག་པའི་ལམ་གྱི་གནད་མ་ནོར་བར་ཤེས་ནས་ཉམས་སུ་བླངས་ན་བརྩོན་པ་ཤེས་རབ་ཀྱིས་སྐྱེ་བ་འདི་དང། འོད་གསལ་བའི་ལམ་རྒྱུད་ལ་སྐྱེས་པས་འཆི་བ་འོད་གསལ་བ་ལ་བརྟན་པ་ཐོབ་ནས་དེ་ལས་ལངས་པའི་བར་དོར་འཚང་རྒྱ་ལ། བརྩོན་པ་ཐམས་ཅད་དམ་ཚིག་དང་སྡོམ་པ་མ་ཉམས་པར་ཡོད་ན། སྐྱེ་བ་བདུན་ནམ། ཇི་ལྟར་འགོར་ཀྱང་སྐྱེ་བ་བཅུ་དྲུག་ཚུན་ཆད་དུ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ནོན་པར་འགྱུར་རོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།