From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྔགས་སྡོམ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། གསང་བ་སྔགས་ཀྱི་སྡོམ་པའམ་དམ་ཚིག་སྟེ། བསྡམ་བྱ་གཟུང་འཛིན་གྱི་རྣམ་རྟོག་འཕོ་བའི་བག་ཆགས་དང་བཅས་པ། སྡོམ་བྱེད་བདེ་བ་ཆེན་པོའི་ཡེ་ཤེས་དེ་འཛིན་པར་དམ་བཅས་ནས་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སེམས་པ་ས་བོན་དང་བཅས་པ་རང་རྒྱུ་དབང་བསྐུར་སོ་སོ་ལས་མངོན་དུ་གྱུར་པའོ། །
|
| Domain
|
ཆོས་ལུགས།
|
སྔགས་སྡོམ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས་སྡོམ་གྱི་མཚན་ཉིད་ནི། ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་གང་ཞིག མི་མཐུན་ཕྱོགས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །སངས་རྒྱས་ཀྱི་ས་ལ་མ་ཁྱབ་པར་ཐལ་བའི་སྐྱོན་མེད་དེ། སྐྱོབ་པའི་ཐབས་ཞེས་པ་སྐྱོབ་པར་བྱེད་པ་དང། བསྐྱབས་ཟིན་གཉིས་ཀ་ལ་འཇུག་པའི་ཕྱིར་རོ། །དཔེར་ན་རྫོགས་པའི་སངས་རྒྱས་ཀྱི་སྒྲུབ་པ་ཁྱད་པར་བ་དེ་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་ཀ་ལ་འཇུག་པས། སངས་རྒྱས་ཀྱི་ས་ལ་མ་ཁྱབ་པར་ཐལ་བའི་སྐྱོན་མེད་པར་ས་པཎ་ཉིད་ཀྱིས་གསུངས་པ་བཞིན་ནོ། ། ངེས་ཚིག གང་སྐྱོབ་པ་ནི། སྔགས་ཀྱི་སྐད་དོད་ལ་མནྟྲ་ཞེས་པའི་མན་ནི་མ་ནོ་སྟེ། ཡིད་དང། ཏ་ར་ནི་སྐྱོབ་པ་ལ་འཇུག་པས་དབང་པོ་དང། ཡུལ་ཀྱི་རྐྱེན་ལས་བྱུང་བའི་ཚོགས་དྲུག་གམ། ཕྱི་མ་ལ་གསུམ་དུ་ཕྱེ་བས་ཚོགས་བརྒྱད་ལ་ཡིད་ཅེས་པའི་ཐ་སྙད་བྱས་པ་དེ་ཉིད་དོ། །གང་ལས་སྐྱོབ་པ་ནི། མཚན་རྟོག་ལས་ཏེ། མཚན་མ་ནི་ཡུལ་གྱི་སྤུ་རིས་སོ་སོ་བ་ཡིན་ལ། རྟོག་པ་ནི་དེ་དང་དེར་མངོན་པར་ཞེན་པ་སྟེ་འདི་ལ་ཐ་མལ་གྱི་མཚན་མ་ལ་མངོན་པར་ཞེན་པ་དང་ལྷའི་མཚན་མ་ལ་མངོན་པར་ཞེན་པ་གཉིས་ཡོད་དོ། །གང་གིས་སྐྱོབ་པ་ནི། ཐབས་ཁྱད་པར་ཅན་གྱིས་ཏེ་ཐེག་པ་དམན་པའི་ཉམས་ལེན་ལ་ལྟོས་ནས་ཐེག་ཆེན་གྱི་ཉམས་ལེན་ཐབས་ཁྱད་པར་ཅན་ཡིན་ལ། དེ་ལ་ལྟོས་ནས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གཉིས་ཐབས་ཁྱད་པར་ཅན་ཡིན་པ་སྟེ་དེས་སྐྱོབ་བོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
|