97178
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། ས་སྐྱ། རྩ་བའི་ལྟུང་བ་བྱུང་ནས་སླར་གསོ་བའི་དོན་དུ། སློབ་དཔོན་ལས་སམ་བདག་ཉིད་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་དབང་ལེན་པ་ལྟ་བུའོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡོམ་གསུམ་གསེར་ཐུར་ལས་སོ། ། རྟེན་གྱི་གང་ཟག་དེ་སྔགས་ཀྱི་ཉམས་ལེན་གྱི་ཚུལ་མི་ཤེས་ཤིང་ཉམས་ལེན་ཅུང་ཟད་ཀྱང་མ་བྱས་ལ་དབང་བསྐུར་གྱི་སྒོ་ནས་སྔགས་སྡོམ་ཐོབ་པ་ཙམ་ཞིག་ཡིན་ན་དེ་ལ་རྩ་ལྟུང་བྱུང་བའི་ཚེ་སྡོམ་པ་སླར་བླངས་དགོས་ཏེ་སྔགས་ཀྱི་ཉམས་ལེན་དང་མ་འབྲེལ་ཞིང་སྔགས་སྡོམ་ཐོབ་པ་ཙམ་ཞིག་ཡིན་པའི་ཕྱིར་རོ། །གལ་ཏེ་ཉམས་ལེན་གྱི་ཚུལ་ལེགས་པར་ཤེས་ཤིང་རྒྱུན་དུ་ཉམས་སུ་ལེན་པའི་གང་ཟག་ཡིན་ན། དེ་ལ་ལྟུང་བ་བྱུང་བའི་ཚེ་རང་ཉིད་ཀྱིས་བདག་འཇུག་བླངས་ཀྱང་སོར་ཆུད་པར་འགྱུར་ཏེ། རྩ་བའི་ལྟུང་བས་དམ་ཚིག་ལ་སྐྱོན་བྱུང་བ་ཙམ་ཡིན་ཞིང་སྔགས་ཀྱི་ཉམས་ལེན་གྱི་ཚུལ་དང་འབྲེལ་བ་ཡིན་པས་བདག་འཇུག་གིས་ཀྱང་དམ་ཚིག་གི་སྐྱོན་སྦྱང་བར་ནུས་སོ་སྙམ་དུ་སེམས་སོ། ། ཡན་ལག་གི་ལྟུང་བ་རྣམས་ལས་ལྡང་བའི་ཐབས་ནི། སྟོབས་བཞིའི་སྒོ་ནས་བཤགས་པ་བྱེད་པ་དང་། དམ་ཚིིག་རྡོ་རྗེའི་བསྒོམ་བཟླས་བྱེད་པ་དང། བརྩོན་འགྲུས་དྲག་པོས་རིམ་གཉིས་ཚུལ་བཞིན་དུ་བསྒོམ་པ་དང། བཞི་འབུམ་ལ་སོགས་པ་གྲངས་ཀྱི་བསྙེན་པ་བྱེད་པ་དང། བསྙེན་པའི་བཅུ་ཆ་སོགས་ཀྱི་སྦྱིན་སྲེག་བྱེད་པ་དང། དམ་ཚིག་དང་ལྡན་པའི་རྡོ་རྗེའི་སྤུན་གྲོགས་ལ་ཚོགས་ཀྱི་འཁོར་ལོ་བྱེད་པ་སོགས་ཀྱི་སྒོ་ནས་རྒྱུད་ལྟུང་བ་མེད་པར་བྱས་ནས་རྣལ་འབྱོར་ཉམས་སུ་ལེན་པ་ལ་འབད་པར་བྱའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། ། |
| Domain | ཆོས་ལུགས། |