9719
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། གཟུགས་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ནི་སེམས་བརྒྱད་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པ་ན་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་འདོད་པའི་དགེ་བ་སྐྱེས་ཐོབ་དང་། མ་བསྒྲིབས་ལུང་མ་བསྟན་སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་གཉིས་དང་། གཟུགས་མེད་ཀྱི་ས་པ་དགེ་བ་སྦྱོར་བྱུང་མ་གཏོགས་པ་གསུམ་གྱི་རྗེས་སུ་འབྱུང་བའི་ཕྱིར་རོ། །གཞན་འདོད་པའི་ཉོན་མོངས་ཅན་གཉིས་དང་ཟག་མེད་གཉིས་ལས་མི་འབྱུང་ངོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |