97194

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔར་ནས་གནས་པ་སྐྲོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི། སྦོམ་དགའ་མོ་ལྗོངས་རྒྱུ་ཞིང་ཁྱིམ་པའི་ཁྱིམ་དུ་ཞུགས་པ་ན་ཁྱིམ་དེ་ན་དགེ་སློང་མ་སྔ་ན་འཁོད་པ་དག་གིས་སྦོམ་དགའ་མོ་ལ་ཕྱག་བྱ་བ་ལ་སོགས་པ་འཇིག་རྟེན་པའི་ཚུལ་དག་མ་བྱས་པ་དང་། དེས་དེ་དག་ཁྱིམ་དེ་ནས་ཕྱིར་བསྐྲད་པ་ལས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །དགེ་སློང་མས་ཁྱིམ་པའི་ཁྱིམ་གཞན་ནས་དགེ་སློང་མ་སྔ་ནས་གནས་པ་(སྦྱོར་བ་ནི་གང་ཡང་རུང་བས། ) སྐྲོད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་དང། ཁྱིམ་པའི་ཁྱིམ་གཞན་ན་སྔར་ནས་གནས་པའི་དགེ་སློང་མ་ཐབས་གང་ཡང་རུང་བས་སྐྲོད་པ་ནི། སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།