9720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཀྱི་བསྒྲིབས་ལུང་མ་བསྟན་གྱི་སེམས་ལས་འབྱུང་བའི་སེམས་དྲུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་ཀྱི་བསྒྲིབས་ལ་ལུང་མ་བསྟན་གྱི་སེམས་དེ་ལས་ནི་སེམས་དྲུག་འབྱུང་སྟེ། རྒྱུན་དང་ས་མཚུངས་པ་ན་སྤྲུལ་སེམས་མ་གཏོགས་པ་རྣམས་འབྱུང་བས་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་འདོད་པའི་མི་དགེ་བ་དང་བསྒྲིབས་པ་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བ་ན་འདོད་པའི་དགེ་བ་གཉིས་ཀ་འབྱུང་བའི་ཕྱིར་རོ། །གཞན་དག་མི་འབྱུང་ངོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།