9722

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཀྱི་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་ལས་འབྱུང་བའི་སེམས་དྲུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་ཀྱི་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་དེ་ལས་ནི་སེམས་རྣམ་པ་དྲུག་འབྱུང་སྟེ། རྒྱུན་གྱི་ཚེ་སྤྲུལ་སེམས་རང་ཉིད་ལས་དང་། སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་ཕན་ཚུན་དུ་འབྱུང་བ་དང་། ས་མཚུངས་པ་ན་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་གཟུགས་ཀྱི་སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་གཉིས་ལས་འདོད་པའི་མི་དགེ་བ་དང་བསྒྲིབས་པ་དང་། གཟུགས་མེད་པའི་བསྒྲིབས་པའོ། །གཞན་དག་མི་འབྱུང་ངོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།