97226

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོ་ (1)
Part of speech རྒྱན་ཚིག
Definition སྔོན་པོའི་བསྡུས་མིང་སྟེ། སྔོ་སྐྱ་དང་ངང་དམར་གཉིས་བསྲེས་པའི་མདོག་སྟེ་ནམ་མཁའ་དང་རྒྱ་མཚོའི་ཁ་དོག་ལྟ་བུ།
Keyword True
Example སྔོ་སེར་དཀར་དམར་བཞི། ནམ་མཁའ་སྔོ་ཞིང་དྭངས་ལྟ་བུ།
སྔོ་ (1)
Part of speech བྱ་ཚིག
Definition སྦྱིན་པའམ་བློས་བཏང་བྱས་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྔོ།, གཞན་ལ་བསྔོ་བྱའི་དགེ་རྩ།]
Present [སྔོ།, དུས་གསུམ་བསགས་པའི་དགེ་རྩ་འགྲོ་བ་ལ་སྔོ་བའི་ཐབས་བཟང་པོ་ནི་སྨོན་ལམ་ཡིན།]
Past [བསྔོས།, རང་གི་དགེ་རྩ་གང་ཡོད་གཞན་ལ་སེམས་ཐག་པ་ནས་བསྔོས་པ་ཡིན།]
Imperative [སྔོས།, དགེ་བ་གཞན་ལ་སྔོས་དང་གོང་འཕེལ་འགྲོ་ལྟ་བུ།]
སྔོ་ (1)
Part of speech མིང་ཚིག
Definition གསར་དུ་སྐྱེས་པའི་རྩྭ་ལྗང་གི་དོན་ཏེ།
Keyword True
Example ཟླ་བཞི་བར་ནོར་ལྷས་སུ་སྔོ་འབུས་ལྟ་བུ།
སྔོ་ (2)
Part of speech མིང་ཚིག
Definition བཟའ་རུང་བའི་སྔོ་ཚལ་གྱི་རིགས་སྤྱི་ལ་གོ་སྟེ།
Keyword True
Example སྔོ་རིགས་མང་པོ་ལུས་ལ་ཧ་ཅང་ཕན་ལྟ་བུ།
སྔོ་ (3)
Part of speech མིང་ཚིག
Definition སྐྱེས་ནས་སྐྱ་བོར་མ་ལོག་བར་གྱི་རྩྭ་ལྡུམ་གྱི་རིགས།
Keyword True
Example དབྱར་དུས་སྔོ་ཐོག་ལ་སོང་བ། སྔོ་ཐོག་ནས་བསྡད་པ་ལྟ་བུ།
སྔོ་ (4)
Part of speech མིང་ཚིག
Definition སྐྱོན་མེད་པའི་དོན་དུ་བཤད།
Type བརྡ་རྙིང་།