97241
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་ལ་ཐུང་བ་རྒྱུས་པ་ལྟ་བུའི་རྩ་ཕྲན་ཐུང་ངུ་ཡོད་པ་དང༌། ལོ་མ་སྔོ་ལྗང་འཇམ་པ་འོད་མདངས་ཡོད་པའི་མཐའ་མཉམ་ལ་རྩེ་རྣོ་བ་སྤང་ལ་འབྱར་ནས་སྐྱེ་བའི་དབུས་ནས་མེ་ཏོག་གི་སྡོང་རྐང་ཐད་ཀར་དོད་པའི་རྩེ་མེ་ཏོག་མཐིང་མདོག་སྤང་རྒྱན་ནག་པོའི་མེ་ཏོག་གམ་ཀྱི་ལྕེ་ནག་པོའི་མེ་ཏོག་ཇི་བཞིན་འཆར་བ་སྟེ། བོད་ཀྱི་ས་ཁུལ་མང་པོའི་རི་མཐོའི་གཡའ་སྤང་འདྲེས་མཚམས་དང༌། སྤང་ལྗོངས་སུ་སྐྱེ་བ་མང༌། རྩྭ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་དུ་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་རིམས་ཚད་དང༌། གཉན་ཚད། མཁྲིས་ཚད་སོགས་ལ་ཕན་པ་ཡིན། |