97244
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། ཀླུ་ཡུལ་གྱི་མཁར་ཞིག་ཡིན་ལ་དེ་ཡང་ཡུམ་སྲས་གཤེན་གསུམ་གྱི་སློབ་མ་ལྷ་ཀླུ་མིའི་གཤེན་གསུམ་གྲགས་པའི་ནང་ཚན་ཀླུ་ཡི་གཤེན་པོ་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ་མཆོག་གི་ཡབ་ཀྱི་སྐུ་མཁར་ཡང་ཡིན་པར་བཤད་དོ། །དེ་ལ་འབྲི་ཚུལ་གྱི་སྒོ་ནས་དཔེ་གཞན་པའི་ནང་དུ་༼སྔོན་བུ་གཡུ་རྩེ་༽ཞེས་པ་ཡང་འདུག་གོ ། |