97275
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩ་བ་ལྔའི་ནང་གསེས་ལྕ་བ་སྟེ། ལོ་མང་སྐྱེས་པའི་རྩྭ་ལྡུམ་ཞིག་ཡིན། གཞུང་རྟ་བསེགས་ནས་སྐྱེས་ཤིང་གཞུང་རྒྱུ་ལ་ཤུར་མ་ཡོད། ལོ་མ་མང་ཤོས་རྟིང་པ་ནས་སྐྱེས་ཤིང་བྱ་སྒྲོའི་དབྱིབས་སྦྲགས་མ་ཉིས་རིམ་ཅན་ཡིན། ལོ་མའི་མུ་མཐའ་སྒོང་དབྱིབས་ཟླུམ་པོ་ནར་མོའི་དབྱིབས་ཅན། ལོ་མ་ཆུང་ཆུང་ཟླུམ་རིང་ཅན་ཆ་ལྔ་ནས་བདུན་བར་ཡོད་ཅིང་། བྱ་སྒྲོའི་བསིལ་གཡབ་ཟླུམ་དབྱིབས་ཅན་ཆ་གསུམ་ནས་ལྔ་བར་ཡོད། སྦལ་ལག་ཉག་ཁ་ཆུང་བ་ཆ་མི་མཉམ་པ་ཡིན། མེ་ཏོག་གདུགས་ཕབ་དབྱིབས་ཆུན་པོ་སྣེ་མོར་སྐྱེས་ཤིང་། སྤྱིའི་འདབ་ཐུམ་གསུམ་ནས་ལྔ་བར་ཡོད། སྐྱི་མི་ཁ་ཞེང་ཅན་དཀར་པོའི་མཐའ་ཡོད་ཅིང་སྣེ་མོ་ལྗང་གུ་ཡིན། རྩེ་མོ་ཆུང་ཆུང་ངམ་ཉག་ཁ་གསུམ་ནས་ལྔ་ཡོད། གདུགས་འཁོར་ལྔ་ཡོད་ཅིང་རིང་ཐུང་མི་མཉམ་པ་ཡིན། སྤྱིའི་འདབ་ཐུམ་ཆུང་བ་བཅུ་ནས་བཅོ་ལྔའི་བར་ཡོད། སྣེ་མོར་སྐབས་འགར་ཉག་ཁ་གསུམ་ཡོད། མེ་ཏོག་དཀར་པོ་ཆུང་ཆུང་ཤར་གྱི་ཡོད། རོ་ཁ་ཞིང་ཚ་ལ་མངར་བ། ཞུ་རྗེས་སྙོམས། ནུས་པས་ཚེ་སྲིང་བ་དང་། རྒས་དཀའ། ལུས་སྟོབས་འཕེལ། བད་ཀན་དང་མཁལ་མའི་གྲང་བ་སེལ། ཆུ་སེར་སྐེམ། |