9728

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཀྱི་རྡུལ་ཕྲ་རབ་རྣམ་པར་གཞག་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ཡོངས་སུ་གཅོད་པ་རྣམ་པར་གཞག་པ་ནི། གཟུགས་དབྲི་བའི་མཐའ་བློས་ཡོངས་སུ་དཔྱད་པ་ལས་རྡུལ་ཕྲ་རབ་རྣམ་པར་གཞག་པར་ཟད་ཀྱི། ལུས་གཟུགས་ལས་ནི་མ་ཡིན་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་ཀྱི་སྐྱེ་བར་ཡང་མི་འགྱུར། འགག་པ་ཡང་མི་འགྱུར་ལ། རྡུལ་ཕྲ་རབ་བསགས་པ་གཟུགས་འདུས་པ་ཡང་མ་ཡིན་ནོ། །རྣམ་པར་དབྱེ་བ་རྣམ་པར་གཞག་པ་ནི། རྣམ་པར་དབྱེ་བ་ལས་རྣམ་པར་གཞག་པ་ནི་མདོར་བསྡུ་ན་རྡུལ་ཕྲ་རབ་ནི་རྣམ་པ་བཅོ་ལྔ་ཡོད། མ་འདྲེས་པ་ལས་རྣམ་པར་གཞག་པ་ནི། རྫས་ཀྱི་རྡུལ་ཕྲ་རབ་ཀྱི་རང་གི་མཚན་ཉིད་རྣམ་པར་གཞག་པ་ལས་སོ། །ལྷན་ཅིག་པ་རྣམ་པར་གཞག་པ་ནི། རྡུལ་ཕྲ་རབ་འདུས་པའི་སྟེ། འདི་ལྟར་ས་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་ཕྱོགས་གཅིག་ན། དེ་ལས་གཞན་པ་དག་ཕྱོགས་གཅིག་དང༌། ཐ་མི་དད་པས་རྡུལ་ཕྲ་རབ་འདུས་པར་རྣམ་པར་གཞག་པའི་ཕྱིར་རོ། །ཆ་ཤས་མེད་པ་རྣམ་པར་གཞག་པ་ནི། རྡུལ་ཕྲ་རབ་རྣམ་པར་གཞག་པ་ལྔ་ནི་རྡུལ་ཕྲ་རབ་འདུས་པ་ཡོད་ན་ནི་རྡུལ་ཕྲ་རབ་རྣམས་ཆ་ཤས་ཡིན་གྱི། རྡུལ་ཕྲ་རབ་རྣམས་ནི་འདུས་པ་མ་ཡིན་པའི་ཕྱིར་ཆ་ཤས་གཞན་མེད་དེ། རྡུལ་ཕྲ་རབ་ཀྱི་ཕྱོགས་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་ཕྱོགས་ཡིན་གྱི་ཆ་ཤས་ཀྱིས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ། །
Domain ཆོས་ལུགས།