97287
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཆུང་ཞིང་ཨ་ར་འདྲ་བའི་རྩ་ཕྲན་མང་བ་དང༌། སྡོང་པོ་སྨུག་ལ་ཐུང་བར་ཡལ་ག་མེད་པ། ལོ་མ་སྔོ་ལྗང་མཐུག་ལ་འཇོང་ཞིང་ཅུང་སྒོར་བའི་རྩེ་རྣོ་ལ་རྒྱབ་སྐྱ་བ་མཐར་ཉག་ག་ཡོད་ཅིང༌། སྨད་ཆས་སྡོང་པོ་བཏུམ་ལ་ལོ་སྡོང་བཅག་ན་ཁོང་སྤུ་ཡོད་པ། མེ་ཏོག་སེར་པོ་འདབ་འཁོར་ཅན་གོས་ནག་པོ་སྤུ་ཆུང་ཅན་གུག་ནས་འཆར་བ། ཡལ་རྗེས་འབྲས་བུ་སྐམ་ཚག་སྤུ་འཕྲུ་ཅན་འདོགས་པ་སྟེ། བོད་ཀྱི་ས་ཁུལ་མང་པོའི་རི་མཐོའི་གཡའ་ཤག་དང༌། ཆུ་ཤག་གི་ཤུལ་དུ་སྐྱེ་བ། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་མཁྲིས་ཚད་དང༌། རིམས་ཚད། མགོ་ནད་སོགས་ལ་ཕན་པ་དང༌། མེ་ཏོག་གིས་རླུང་ནད་ལ་ཕན་པ་ཡིན། |
| Domain | གསོ་རིག |