97290

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོ་སྤྱི་བཞུར་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་པགས་པ་ནག་པོ་སྲབ་པོས་བཏུམ་པ། ལོ་མ་ལྗང་སྔོན་སྒོང་དབྱིབས་མཐུག་ཅིང་ཕྱི་ནང་དུ་སྤུ་ཆུང་ཐུང་ངུ་རྩུབ་པོས་ཁྱབ་པ་ས་ངོས་སུ་བགྲད་ནས་སྐྱེ་བ། དབུས་ནས་མེ་ཏོག་གི་སྡོང་རྐང་མཛུབ་གང་ཙམ་པ་ཡལ་ག་དང་ལོ་མ་མེད་པའི་རྩེར་མེ་ཏོག་ཟིང་སྨུག་དོམ་དོམ་འདྲ་བ་ཕྱི་གོས་སྨུག་ནག་ཅན་གྱི་མགོ་རྡོག་ཡོད་པ་འཆར་ཞིང༌། སྐམ་ཚག་འབྲས་བུའི་རྩེར་སྤུ་དཀར་རྣོ་བོ་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་རླན་ཤས་ཆེ་བའི་སྤང་གཤོངས་སུ་སྐྱེ་བ་མང༌། ལོ་མ་དང་སྡོང་པོ་བོད་ཟླ་དྲུག་པའི་ནང་དུ་བཏུས་ཏེ་སྔོ་ཆོལ་རྨ་ཕབ་ནས་བསིལ་སར་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དམུ་ཆུའི་ནད་དང༌། འོར་ནད། དེ་མིན་ཆུ་བསགས་པ་དང༌། སྐྲངས་པོ་སོགས་ལ་ཕན་པ་ཡིན།
Domain གསོ་རིག