97291
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་པོ་ཕྲ་ལ་ཐུང་བར་ཨ་ར་འདྲ་བའི་རྩ་ཕྲན་མང་ཞིང་གྱོང་བ་དང༌། སྡོང་པོ་ཕྲ་ལ་རིང་བ་ཁ་དོག་ལྗང་སེར་རམ་ལྗང་སྨུག་ཁ་ཤས་མཉམ་དུ་འདྲོང་པོར་སྐྱེ་ཞིང་སྡོང་པོའི་སྟོད་ཆ་ནས་ཡལ་ག་མང་པོ་གྱེས་པ། ལོ་མ་ལྗང་ལ་ཆུང་ཞིང་འཇམ་པར་འོད་མདངས་ཡོད་པ་དེའི་རྒྱབ་སྐྱ་ལ་ལོ་ལྷེབ་རེར་ཉག་ག་གསུམ་རེ་ཡོད་ལ་རྩ་རིས་གསལ་པོར་མངོན་ཞིང༌། ངར་པ་ཕྲ་ལ་ཐུང་བ་སྐྱེ་རིམ་གཉིས་ནས་གསུམ་གྱི་མང་པོ་སིབ་པ། མེ་ཏོག་ལྗང་སྨུག་འདབ་མ་ལྔ་དང་ལྡན་པ་ཟེའུ་འབྲུ་སེར་པོ་མང་ལ་ཞིབ་ཅིང་ཚགས་དམ་པ་སྨིན་ཚེ་འབྲུ་གུ་དུད་སེར་རྩེ་ལྕགས་ཀྱུའི་དབྱིབས་ཅན་མང་པོ་འདོགས་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་བྲག་གསེབ་དང༌། རི་མ་ཐང༌། བྲག་འོག་སོགས་སུ་སྐྱེ་བ། རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་ཨ་ར་འདྲ་བའི་རྩ་ཕྲན་རྣམས་མེད་པར་བཟོ་རྒྱུ་དང༌། ལོ་སྡོང་སྔོ་ཆོལ་རྨ་ཕབ་སྟེ་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྣོ་བས་ཚ་བ་མ་སྨིན་པ་དང༌། བྱེར་བ། ཐོར་བ་སོགས་ཚད་རིགས་ཀུན་དང༌། རྒྱུ་ཚད། རྨ། ཆུ་སེར་སོགས་ལ་ཕན་པ་ཡིན། |
| Domain | གསོ་རིག |