97309
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མངོན་ཤེས་ཀྱི་དྲུག་གི་བྱེ་བྲག་ཅིག་སྟེ། སྔོན་རང་དང་གཞན་གྱི་སྐྱེ་ཡུལ་དང༌། མིང༌། ཕ་མ། ལས། ཚེ། ལོངས་སྤྱོད་སོགས་དེ་དང་དེ་ལྟ་བུའོ་ཞེས་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དེ་ཡང་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིན་དུ་རྣམ་པར་གྲོལ་བའི་ལམ་གྱི་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །དེའི་ངོ་བོ་ནི་དགེ་བ་འབའ་ཞིག་ཡིན་ལ། ཤེས་པ་བཅུ་ལས་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ཏེ། ཟག་བཅས་ཁོ་ན་ཡིན་པའི་ཕྱིར་རོ། །འདི་ནི་བསམ་གཏན་བཞིའི་ས་པ་ཡིན་ལ། བསམ་གཏན་ཁྱད་པར་ཅན་གྱི་ས་པ་མ་ཡིན་ཏེ་ལྷག་མཐོང་ཤས་ཆེ་བས་ལམ་སླ་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གཟུགས་མེད་ན་མེད་དེ། གཟུགས་ལ་དམིགས་པའི་ཕྱིར་རོ། །འདིའི་སྤྱོད་ཡུལ་ནི་རང་གི་ས་དང་ས་འོག་མ་པའི་གནས་དང་རུས་དང་རིགས་དང་མིང་དང་ཁ་ཟས་ལ་སོགས་པ་དྲན་གྱི་གོང་མའི་གནས་ཀྱི་མ་ཡིན་ནོ། །འདི་ནི་གཟུགས་དང་སེམས་དང་སེམས་བྱུང་གསུམ་ག་ལ་དམིགས་པས་དྲན་པ་ཉེར་གཞག་བཞི་ཀའི་བདག་ཉིད་ཡིན་ནོ། ། |
| Domain | ཆོས་ལུགས། |