97336

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོན་ཆོག་བཅུ་ (1)
Part of speech མིང་ཚིག
Definition སངས་རྒྱས་མྱ་ངན་ལས་མ་འདས་གོང་གི་བསྙེན་པར་རྫོགས་པའི་སྔོན་གྱི་ཆོ་ག་བཅུ་སྟེ། རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་གཉིས་ཟད་མི་སྐྱེ་ཤེས་ནས་བྱང་ཆུབ་བརྙེས་པའི་རང་བྱུང་གིས་བསྙེན་པར་རྫོགས་པ་གཉིས་དང༌། ལྔ་སྡེ་བཟང་པོ་མཐོང་ལམ་སྐྱེས་ཚེ་ཡེ་ཤེས་ཁོང་ཆུད་པས་དང༌། ཤཱ་རིའི་བུ་སོགས་ཚུར་ཤོག་གིས་དང༌། འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་དང༌། བཟང་སྡེ་ཚོགས་དྲུག་ཅུས་སྐྱབས་གསུམ་ཁས་བླངས་པས་དང༌། སྐྱེ་དགུའི་བདག་མོ་སོགས་ལྕི་ཆོས་བརྒྱད་བསླབ་པར་ཁས་བླངས་པས་དང༌། ལེགས་བྱིན་དྲིས་པའི་ལན་ལ་དགྱེས་པས་དང༌། མཆོད་སྦྱིན་མ་ཕ་མའི་དབང་དུ་སོང་བ་ལ་དགེ་སློང་མ་ཨུཏྤ་ལས་ཕོ་ཉ་བྱས་ཏེ་དགེ་འདུན་གྱིས་ཕྲིན་ཆོག་ལ་བརྟེན་ནས་དང༌། དགེ་འདུན་གྱི་གྲངས་ཡུལ་དབུས་སུ་བཅུ་ཚོགས་དང༌། མཐའ་འཁོབ་ཏུ་ལྔ་ཚོགས་སོ་སོས་གསོལ་བཞིའི་ལས་ཀྱི་རབ་བྱུང་བསྙེན་རྫོགས་ཅིག་ཆར་དུ་བྱེད་པ་རྣམས་སོ། །
Domain ཆོས་ལུགས།