From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྔོན་དུས་ཀྱི་སྲིད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། སྐྱེ་སྲིད་གྲུབ་ནས་འཆི་སྲིད་མ་གྲུབ་བར་གྱི་སྲིད་པ་ལ་སྔོན་དུས་ཀྱི་སྲིད་པ་ཞེས་བརྗོད་ལ། འཆི་སྲིད་ལ་ལྟོས་ནས་སྔོན་དུ་བྱུང་པའི་སྲིད་པ་ཡིན་པས་ན་སྔོན་དུས་ཀྱི་སྲིད་པ་ཡང་ཟེར། དེ་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྐྱེ་སྲིད་སྐད་ཅིག་གཉིས་པ་ནས་བཟུང་སྟེ། འཆི་སྲིད་ཀྱི་སྐད་ཅིག་སྔ་ལོག་ཕན་ཆད་ཡིན་ཏེ། མཛོད་ལས། དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །ཞེས་གསུངས། ཞེས་སོ། །
|
| Domain
|
ཆོས་ལུགས།
|
སྔོན་དུས་ཀྱི་སྲིད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
མངོན་པ། སྔོན་དུས་ཀྱི་སྲིད་པ་གང་ཡིན་ཞེ་ན། དེ་ནི་འཆི་བའི་སྔོན་རོལ་ཏེ་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱར་བའི་སྐད་ཅིག་ཕན་ཆད་ཀྱི་ཕུང་པོ་ལྔའམ་བཞིའི་རྒྱུན་ནོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། སྔོན་དུས་ཀྱི་སྲིད་པ་ནི་སྐྱེ་སྲིད་སྐད་ཅིག་མ་གཉིས་པ་ནས་བཟུང་། འཆི་སྲིད་མ་བྱུང་གི་བར་གྱི་སྲིད་པ་དེ་ལ་འཇོག་སྟེ། དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །ཞེས་གསུངས་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
|