97357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོན་བུ་མཆོག་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྐང་གཅིག་ཕྲ་ལ་ཐུང་བ་དང༌། སྡོང་པོ་ཕྲ་ལ་མཉེན་པ་དམར་ཤས་ཆེ་བ་མང་པོ་ས་ངོས་སུ་འབྱར་ནས་སྐྱེ་བ། ལོ་མ་སྤུ་ཆུང་ཅན་ཕྲ་ཞིབ་རེ་མོས་སུ་སྐྱེ་ཞིང༌། ཡལ་རྐང་རེ་རེའི་རྩེར་མེ་ཏོག་སྔོན་པོ་དྲིལ་ཆུང་དབྱིབས་འདབ་མ་ལྔ་པ་སྤུ་སོབ་ཅན་སྨད་ཆ་གོས་ཀྱིས་བཏུམ་པ་འཆར་ཞིང༌། རྩ་བ་དང༌། སྡོང་རྐང༌། ལོ་མ་བཅད་ན་འོ་མ་འབབ་རྒྱུ་ཡོད་པ་སྟེ། བོད་ཀྱི་ས་ཆ་ཕལ་ཆེ་བའི་རི་མཐོའི་སྤང་གཤོངས་སུ་སྐྱེ་བ་མང༌། རྩ་ལོ་མེ་ཏོག་བཅས་པོ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཚ་བ། ཞུ་རྗེས་མངར་བ། ནུས་པ་རྩུབ་ཅིང་ཡང་བས་མཁྲིས་པའི་ནད་རིགས་རྣམས་ཐུར་དུ་སྦྱོང་བར་བྱེད་པ་ཡིན།
Domain གསོ་རིག