97370

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོན་མེད་བསྡུས་བརྗོད་ (1)
Part of speech མིང་ཚིག
Definition བསྡུས་བརྗོད་ཀྱི་རྒྱན་གྱི་ནང་གསེས་བཞི་པ་སྟེ། བསམ་བྱའི་དོན་གྱི་དངོས་པོ་གང་ཡང་རུང་བ་ཞིག་གི་རང་བཞིན་དེ། སྡུད་བྱེད་དངོས་པོ་གང་ཡང་རུང་བ་ཞིག་ལ་སྔོན་མེད་པའམ་མི་སྲིད་པའི་ཁྱད་ཆོས་འགའ་ཞིག་བཀོད་པའི་དཔེ་རུ་ཚུར་བསྡུས་ཏེ་དངོས་སུ་དཔེ་དེའི་རང་བཞིན་བརྗོད་ཀྱང་། དཔེ་དེ་ལ་ཁྱད་ཆོས་དེ་དག་མི་ལྡན་པའི་སྟབས་ཀྱིས་བསམ་བྱ་དོན་གྱི་དངོས་པོའི་རང་བཞིན་དེ་དོན་གྱི་ཤུགས་ལས་རྟོགས་ནུས་པ་ཞིག་ལ་ཟེར།
Example བོད་མཁས་པས། ལག་འགྲོ་གདུག་པའི་འཁྲིལ་བག་མི་ལྡན་ཞིང་། །རྩུབ་མོའི་ཚེར་མ་དག་ཀྱང་མི་སྣང་བའི། ། རབ་བསིལ་གདུང་བ་འཕྲོག་པའི་ཙནྡན་ཤིང་། །སྐལ་བ་བཟང་པོར་ལྡན་པའི་དཔལ་དུ་ཐོབ། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག