97379
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། སྔོན་འགྲོ་གཏོར་མ་ཇི་ལྟར་བྱ་བའི་ཚུལ་བཤད་པ་ནི། འདུས་པ་རྩ་བཤད་ཀྱི་རྒྱུད་དང་འཕགས་པ་ཡབ་སྲས་ཀྱི་གཞུང་ལས་སྔོན་འགྲོ་གཏོར་མ་བྱ་བར་མ་བཤད་ཀྱང་། གྲུབ་ཆེན་མཚོ་སྐྱེས་ཀྱིས་ཀྱེ་རྡོ་རྗེ་ལས་བཤད་པ་དང་། མི་བྷཱུ་ཏི་ཙནྡྲས་བདེ་མཆོག་ལས་བཤད་པ་དང་། བླ་མ་སྔ་མ་རྣམས་ཀྱི་ཕྱག་ལེན་ལ་ཡོད་པ་ལྟར་འདིར་ཡང་སྔོན་འགྲོ་གཏོར་མ་བྱ་བ་ཡིན་ནོ། ། དེ་གང་ལ་འབུལ་བའི་ཡུལ་ནི། འདུས་པ་ལུགས་གཉིས་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་གཉིས་ཡོད་པས་འདིར་ནི་སྔ་མ་ལ་འབུལ་བ་ཡིན་ནོ། ། དགོས་པ་གང་གི་ཕྱིར་འབུལ་ན། སྒྲུབ་ཐབས་ཐུན་བཞིར་བྱས་ནས་ཉམས་སུ་ལེན་པའི་ཐོག་མ་ནས་བཟུང་སྟེ་འདུ་འཛི་དང་རྣམ་གཡེང་ལ་སོགས་པའི་བགེགས་ཀྱི་བར་ཆད་མི་འབྱུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཏོར་མའི་སྣོད་དང་རྫས་བྱིན་གྱིས་བརླབ་པའི་ཚུལ་རྣམས་ནི་རྒྱུད་ཕྱི་མ་རྩ་འགྲེལ་ལས་བཤད་པ་ལྟར་ཤེས་པར་བྱའོ། ། |
| Domain | ཆོས་ལུགས། |