97383
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ། བསྙེན་པ་གཞི་མའི་ལས་རིམ་གྱི་ནང་ཚན་ཏེ། དེ་ཡང་གཙོ་བོར་སྤྱི་སྤུངས་བསྙེན་བསྒྲུབ་ཉམས་ལེན་སོགས་ཀྱི་སྐབས་སུ་ཕྱིའི་གནས་དང་དཔོན་གསས་གྲོགས་རྣམས་བཙལ་ཅིང་ཉེ་བར་བསྟེན་པའི་ལས་རིམ་སྟེ། ལས་རིམ་དེ་ལ་ཡང་གྲངས་ཀྱི་དབྱེ་ན། དཔོན་གསས་ལྷ་ལ་བསྙེན་པ། རིགས་ལྡན་གནས་ལ་བསྙེན་པ། མཚན་ལྡན་གྲོགས་ལ་བསྙེན་པ་དང་གསུམ་དུ་བཤད་དོ། །དེ་དག་ལ་ཡང་གཞི་ཡི་བསྙེན་པ་ཞེས་བྱའོ། །དེ་དག་ནང་ཚན་གྱི་དོན་ཡང་མ་ཚིག་རང་རང་གི་སྐབས་སུ་གསལ་ལོ། ། |
| Domain | ཆོས་ལུགས། |