97384
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དེ་ཡང་སྡོམ་པ་གསུམ་དང་བསླབ་པ་གསུམ་ཡོངས་སུ་རྫོགས་པར་ཐོབ་པ་སྟེ་གཙོ་བོར་ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ་དང་ནང་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྣམས་བླང་འདོར་དབྱེ་འབྱེད་གཉིས་སུ་མེད་པར་ཟུང་འབྲེལ་མིག་འབྲས་བཞིན་བསྲུང་བཞིན་དུ། སྦྱིན་སོགས་ཕར་ཕྱིན་བཅུ་པོའི་དོན་ཉམས་ལེན་དང་ལྡན་པའི་སྐྱེས་བུ་གང་དག་ལ་སྔོན་འགྲོ་ཕྱི་ཡི་བླ་མ་ཞེས་བྱ་བ་སྟེ། ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། སྔོན་འགྲོ་ཕྱི་ཡི་བླ་མ་ནི། །རྫོགས་སངས་རྒྱས་ཀུན་མན་ཆད་ནས། །ད་ལྟ་བསླབ་རྫོགས་ཡན་ཆད་དུ། །རྣམ་དག་འདུལ་བ་ཟམ་མ་ཆད། །ཨུད་འབར་མེ་ཏོག་གླིང་ལྟ་བུ། །སྡོམ་གསུམ་རྣམ་དག་བསླབ་གསུམ་རྫོགས། །སུམ་བརྒྱ་དྲུག་ཅུ་ཕྱི་ཡི་ཚུལ། །ཉིས་བརྒྱ་ལྔ་བཅུ་ནང་གི་ཚུལ། །གཉིས་སུ་མེད་པར་ཟུང་དུ་འབྲེལ། །སྦྱིན་པ་མཐར་ཕྱིན་སེར་སྣ་བྲལ། །ཚུལ་ཁྲིམས་རྣམ་དག་སྤྱོད་འཆལ་སྤང། །བཟོད་པ་བསྲན་བཅས་བྱུང་ཚོར་མེད། །བརྩོན་འགྲུས་དམ་ལྡན་གཡེང་སྐྱོང་སྤང། །བསམ་གཏན་མཉམ་གནས་གཡོ་འཁྲུག་མེད། །ཐོགས་མེད་སྟོབས་ཤུགས་མ་ནུས་སྤང་། །སྙིང་རྗེ་བདག་མེད་བྱམས་སེམས་ལྡན། །སྨོན་ལམ་དྭོགས་མེད་འགྲོ་བ་སྐྱོབས། །ཐབས་མཆོག་མ་རྨོངས་འཁོར་ལོ་བསྒྱུར། །ཤེས་རབ་འཁྲུལ་མེད་རྣམ་གསུམ་ལྡན། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དོན་དང་ལྡན། །ཕྱི་ཡི་བླ་མར་ཤེས་པར་བྱ། །ཞེས་གསུངས་པས་སོ། །མཚན་གཞི་ནི། ལམ་བསླབ་པ་གསུམ་རྫོགས་པར་ཐོབ་པ་ཡན་ནས་སྤང་ལམ་མདོའི་བསྟན་པའི་གཙོ་བོར་ཐུག་གི་མན་ཆད་དུ་བྱོན་པའི་རྣམ་དག་འདུལ་བ་འཛིན་པའི་བླ་མ་རྣམས་སོ། ། |
| Domain | ཆོས་ལུགས། |