97410

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙ་ལོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཅུང་སྦོམ་ལ་རིང་བ་ཕྱིའི་པགས་མདོག་ཁམ་ནག་ལ་ནང་དམར་སྐྱ་ཤ་རྒྱུ་འདྲ་བའི་བཅད་ཁ་དཀར་བ་དང༌། སྡོང་པོ་སྨུག་ཅིང་ཕྲ་ལ་མང་ཞིང་ཚིགས་པ་ཅན། ལོ་མ་ལྗང་སྐྱ་ཆུང་ལ་སྒོང་དབྱིབས་ཅན་རྩེ་རྣོ་ཞིང༌། ངར་པ་ཐུང་ལ་མཐའ་མཉམ་པ་ཁ་སྤྲོད་དུ་སྐྱེ་བའམ་རེ་མོས་སུ་སྐྱེ་བ། ལོ་མའི་རྒྱབ་སྐྱ་ལ་སྤུ་ཡོད་ཀྱང་མངོན་དཀའ་ཞིང་རྩ་རིས་གསལ་པོ་མངོན་ཡོད་པ། མེ་ཏོག་དཀར་ཞིང་དམར་མདངས་ཅུང་ཡོད་པ་སྙེ་དབྱིབས་མེ་ཏོག་བང་རིམ་ཅན་མང་པོ་སྡོང་པོ་དང་ཡལ་གའི་རྩེ་སོགས་གང་ས་ནས་ཕུང་པོར་སྐྱེ་བ་སྟེ། བོད་ཀྱི་ས་བབ་མཐོ་ཙམ་ཡིན་པའི་སྲིབ་རིའི་སྤང་དང༌། ཤིང་གསེབ། ཞིང་མུ་སོགས་སུ་སྐྱེ་བ་མང༌། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཀྲུས་ནས་ཕྱི་པགས་བཤུས་རྗེས་དུམ་བུར་བཏུབ་ཐོག་བསིལ་སར་བསྐམསཅ་ནས་སྨན་དུ་སྤྱོད་རྒྱུ། ཁོ་ཁ་ཞིང་སྐྱུར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་རྒྱུ་ལོང་སོགས་སྣོད་ལ་ཚ་བ་ཞུགས་པ་དང༌། ཁོག་པ་བསལ་བ། རྒྱུ་རིམས་དམར་བཤལ། བུ་བཙས་རྗེས་མཁལ་རྐེད་དང་རྒྱུ་ཞབས་གཟེར་བ་སོགས་ལ་ཕན་པ་ཡིན།