9743
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། གཟུགས་ཀྱི་ཁམས་སུ་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་གྱུར་པའི་ཚེ་རྙེད་པའི་སེམས་རྣམས་ཏེ། གཟུགས་ཀྱི་བསྒྲིབས་པ་དང་སྐྱེས་ཐོབ་ཀྱི་དགེ་བ། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་དང་། གཟུགས་མེད་ཀྱི་ཉོན་མོངས་དང་སློབ་པའི་སེམས་ཏེ་དྲུག་གོ །དེ་ཡང་རྙེད་ཚུལ་ནི། གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ཡང་དྲུག་རྙེད་དེ། ཁམས་སུ་སླར་ལོག་པ་ལས་གཟུགས་ན་སྤྱོད་པ་གསུམ་དང་། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པའོ། ། |
| Domain | ཆོས་ལུགས། |