97439
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། སྙན་གྱི་ཤོག་དྲིལ་བཞིའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གྱ་དགུ་པ་ཡིན། བརྗོད་བྱ་ནི། ཤོག་དྲིལ་དང་པོ་དགྱེས་པ་རྡོ་རྗེའི་རྒྱུད་དོན་མཐར་ཐུག་དང་། གཉིས་པ་གསང་བ་འདུས་པའི་རྒྱུད་དོན། གསུམ་པ་མ་ཧཱ་མ་ཡའི་རྒྱུད་དོན། ཤོག་དྲིལ་བཞི་པ་རྡོ་རྗེ་གདན་བཞིའི་རྒྱུད་དོན་མཐར་ཐུག་གི་གདམས་ངག་རྣམས་ཀྱི་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཌཱ་ཀི་རས་རྒྱན་ཅན། །བེན་དྷ་པ་དང་མར་པ་མཚུར་དབང་ངེ་། །གཉགས་སྒོམ་དམར་་པོ་མདུང་རྩེ་ཉི་མ་ལུང་། །མགར་རས་རྩེ་གང་སྙེ་མདོ་གཡུང་སྟོན་པ། །བླ་ཆེན་བསོད་བཟང་ཚུལ་ཁྲིམས་མགོན་པོ་དང་། །བསོད་ནམས་རྒྱལ་མཚན་གཉགས་ཕུ་སེང་དཔལ་བ། །བྱང་དཔལ་བཀྲ་ཤིས་དཔལ་གྲུབ་པོ་དྷི་ཤྲཱི། །བྱང་ཆུབ་གྲགས་པ་བློ་གྲོས་དཔལ་བཟང་པོ། །ཞེས་སོགས་དང། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཟབ་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། མཚུར་དབང་གི་རྡོ་རྗེའི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |