97467
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ས་མོ་བྱ་ཕྱི་ལོ་༡༩༠༩ ལོའི་བོད་ཟླ་བཅུ་པའི་ཚེས་གསུམ་ལ་དབུ་བརྩམས་ཤིང་མཐར་ཟླ་དེའི་ཚེས་ཉེར་གསུམ་གྱི་རེས་གཟའ་ཉི་མ་ལ་མཇུག་གྲུབ་པར་བགྱིས་པའི་སློབ་དཔོན་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་མའི་འགྲེལ་བ་ཞིག་སྟེ། སྙན་གཞུང་རང་གི་ལེའུ་གསུམ་པོའི་བརྗོད་བྱ་རྣམས་དོན་འདུས་ཤིང་རྒྱས་བསྡུས་འཚམས་པ། གོ་སླ་ཞིང་མཐར་ཆགས་སུ་འགྲེལ་བའི་བསྟན་བཅོས་ཤིག་གོ ། |