9748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཁམས་ཀྱི་བསྒྲིབས་ལུང་མ་བསྟན་གྱི་མཇུག་ཐོགས་སུ་འབྱུང་བའི་སེམས་དྲུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་ཁམས་སུ་སྤྱོད་པའི་བསྒྲིབས་ལུང་མ་བསྟན་གྱི་སེམས་ཀྱི་མཇུག་ཐོགས་སུ་འབྱུང་སེམས་རྣམས་ཏེ། རང་གི་ས་པ་གསུམ་དང་། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་པ་རྣམས་སོ། །དེ་ཡང་རྒྱུན་དང་ས་མཚུངས་པ་ན་སྤྲུལ་སེམས་མ་གཏོགས་པ་རྣམས་འབྱུང་བས་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་འདོད་པའི་མི་དགེ་བ་དང་བསྒྲིབས་པ་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བ་ན་འདོད་པའི་དགེ་བ་གཉིས་ཀ་འབྱུང་བའི་ཕྱིར་རོ། །གཞན་དག་རྣམས་ནི་མི་འབྱུང་སྟེ། འདོད་པའི་ཉོན་མོངས་ཅན་ཤི་བ་གོང་དུ་མི་སྐྱེ་ལ། ཉོན་མོངས་ཅན་གྱི་ཟག་མེད་ལས་ལྡང་བ་མི་སྲིད་པས་སོ། །
Domain ཆོས་ལུགས།