97527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙལ་ (1)
Part of speech བྱ་ཚིག
Definition ཆེད་དུ་ཉལ་བཅུག་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྙལ།, ཆུ་ཚོད་བདུན་པའི་སྟེང་བྱིས་པ་བསྙལ་རྒྱུ།]
Present [སྙལ།, བྱིས་པ་སྙལ་གྱིན་ཡོད།]
Past [བསྙལ།, རྒན་བྱིས་རྣམས་བསྙལ་ཟིན།]
Imperative [སྙོལ།, བྱིས་པ་སྔ་ས་ནས་སྙོལ་ཅིག་ལྟ་བུ།]
སྙལ་ (2)
Part of speech བྱ་ཚིག
Definition ཆང་ལ་ཕབ་དང་གྲོ་སོགས་ལ་སྐྱུར་རྩི་ལ་བརྒྱབ་ནས་དྲོ་སར་ཡུན་རིང་ཙམ་ལ་འཇོག་པའི་དོན།
Keyword True
Future [བསྙལ།, ད་ལོ་ཆང་ཞིམ་པོ་ཞིག་བསྙལ་དགོས།]
Present [སྙལ།, ཞོ་སྙལ་གྱིན་འདུག]
Past [བསྙལ།, ཆང་བསྙལ་ཟིན།]
Imperative [སྙོལ།, ཞོ་སྙོལ་ཅིག་ལྟ་བུ།]
སྙལ་ (3)
Part of speech བྱ་ཚིག
Definition མར་ཕབ་པའམ་སྙིལ་བའི་དོན།
Keyword True
Future [བསྙལ།, མཐོ་དྲགས་པའི་ཤིང་སྡོང་བསྙལ་ན་བཟང་།]
Present [སྙལ།, སྡོང་རྒན་ས་ལ་སྙལ་གྱིན་གདའ།]
Past [བསྙལ།, སྡོང་སྐམ་བསྙལ་ནས་ཞིང་ཁ་བཟོས།]
Imperative [སྙོལ།, སྨན་བསྟེན་ནས་ནད་འགོ་སྙོལ་ཅིག་ལྟ་བུ།]