97530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙི་བ་ (1)
Part of speech རྒྱན་ཚིག
Definition སྙི་བོ་ཡི་བསྡུར་རིམ་གཉིས་པ། སྲ་མཁྲེགས་ཀྱི་ལྡོག་ཟླ་སྟེ། མཉེན་པའམ་ནེམ་ནེམ་གྱི་ཁྱད་པར་ཞིག
Example ཕོ་གསར་གྱི་དཔུང་ཤ་ལས་བུད་མེད་ཀྱི་དཔུང་ཤ་སྙི་བ། ན་གཞོན་གྱི་ཤ་ལས་བྱིས་པའི་ཤ་སྙི་བ་ལྟ་བུ།
Antonyms མཁྲེགས་པ།
སྙི་བ་ (1)
Part of speech མིང་ཚིག
Definition ལྕི་བ་རློན་པ།
Type ཡུལ་སྐད།
སྙི་བ་ (2)
Part of speech མིང་ཚིག
Definition བོད་ཀྱི་རུས་ཤིག་སྟེ། དེབ་ཐེར་སྔོན་པོ་ལས། གདུང་སྙི་བ། ཡབ་སྙི་བ་རྒྱལ་པོ་ཞེས་པ་ལྟ་བུ།
སྙི་བ་ (3)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་ཤ་རྒྱུ་ཅན་དྭ་བའི་རྩ་བ་འདྲ་བ་ལ་ཆེ་ཆུང་སྣ་ཚོགས་མཆིས་ཤིང༌། སྡོང་རྐང་ཕྲ་ལ་རིང་བ་སྐྱེ་དངོས་གཞན་ལ་འཁྲིལ་ནས་སྐྱེ་བ། སྡོང་པོ་དང་ཡལ་ག་བཅད་ན་འོ་མ་བབས་རྒྱུ་ཡོད་པ། ལོ་མ་སྔོ་ལྗང་འཇམ་ལ་ཆུང་བའི་མཐར་ཉག་ག་ཡོད་པ་ངར་པ་ཐུང་བ་དབྱིབས་དབྱི་མོང་གི་ལོ་མ་འདྲ་ལ་དེ་ལས་ཆུང་ཞིང་འོད་མདངས་ཡོད་པ་རེ་མོས་སུ་སྐྱེ་བ། མེ་ཏོག་སྔོན་པོ་འདབ་ལྔ་ལྡན་ཟེའུ་འབྲུ་སེར་པོ་དར་པ་རིང་བ་སྡོང་པོ་དང་ཡལ་གའི་རྩེ་ནས་འཆར་ཞིང༌། འབྲས་བུ་རྡོག་པོ་ཆུང་ངུའི་ནང་འབྲུ་ཤིན་ཏུ་ཆུང་བ་མང་པོ་ཡོད་པ་བཅས། བོད་ཀྱི་ས་གནས་གང་སར་རི་ལྡེབས་ཀྱི་སེ་བའི་དཀྱིལ་དང་བྲག་གསེབ་སོགས་སུ་སྐྱེ་དངོས་གཞན་ལ་འཁྲིལ་ནས་སྐྱེ་བ། བོད་ཟླ་དྲུག་པའི་ནང་མེ་ཏོག་བཏུས་ཏེ་བསིལ་སྐམ་བྱེད་རྒྱུ་དང༌། བོད་ཟླ་བརྒྱད་པའི་ནང་རྩ་བ་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་ཆམ་པའི་ནད་དང༌། བྲང་ཚ་བ། སྣ་ཡི་དྲི་ཉམས་པ། ཡི་ག་འགགས་པ། ཕོ་མཆེར་གྱི་ནད་སོགས་ལ་ཕན་པ་དང༌། མེ་ཏོག་གིས་མཆིན་ནད་ལ་ཕན་པ་ཡིན།