97610

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་ནད་ཁ་ལེ་ནག་པོ་ (1)
Part of speech མིང་ཚིག
Definition སྙིང་ནད་བདུན་གྱི་ནང་གསེས་ཤིག་སྟེ། ངོ་བོ་འགྲམ་པ་ཡས་མས་ཀྱི་རྩ་བར་གནས་པའི་རླུང་འཁྲུགས་པ་སྙིང་ལ་ཞུགས་ཤིང༌། རྟགས་སུ་ཁ་གཞོགས་ཤིག་ཏུ་ཡོ་བར་གྱུར་པ་དང༌། རྩ་རྒྱུད་མནན་ན་སྟོང་ལ་ཚད་པ་ཆེ་བ། གཏམ་སྨྲ་མི་འདོད་པས་སྨྲ་བ་ཉུང་ལ་སྤྲོ་ཐུང་བར་གྱུར་པ། རྐྱེན་ཆུང་ངུ་ཙམ་ལའང་ཁོང་ཁྲོ་ལངས་ནས་གཞན་ལ་རྡེག་པར་འདོད་པ། མིག་གིས་ཟུར་ལྟ་སོགས་མ་ཤེས་པར་ཅེ་རེར་ཐད་ཀར་འབུར་ཚུགས་སུ་ལྟ་ཞིང༌། མགོ་བོ་ཕྱེད་ན་ལ་གང་ན་བའི་ངོས་དེར་ཁ་ཡོ་བར་འགྱུར་བ་བཅས་འབྱུང་བའི་སྙིང་ནད་ཅིག
Domain གསོ་རིག